ཨ་རིའི་གྷརེ་མི་བྱ་དགའི་འོས་མི་བོད་ཀྱི་གནའ་དེང་གླུ་གཞས་དང་རོལ་དབྱངས་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་དང་གླེང་མོལ།

2024.06.18
ཨ་རིའི་གྷརེ་མི་བྱ་དགའི་འོས་མི་བོད་ཀྱི་གནའ་དེང་གླུ་གཞས་དང་རོལ་དབྱངས་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་དང་གླེང་མོལ།
Tenzin Choegyal
ཨ་རིའི་གྷརེ་མི་བྱ་དགའི་འོས་མི་བོད་ཀྱི་གནའ་དེང་གླུ་གཞས་དང་རོལ་དབྱངས་སྒྱུ་རྩལ་བ་ཨའོསི་ཊརེ་ལི་ཡར་གནས་བཞུགས་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་འདས་པའི་ལོ་ ༤ ལྷག་ཙམ་གྱི་རིང་འཛམ་གླིང་ནང་ཏོག་དབྱིབས་ནད་ཡམས་ཀྱི་མནར་བ། གཅིག་པུར་གནས་པའི་ཚོར་བ། སྤྱི་ཚོགས་ཀྱི་དཀའ་ཚེགས།  བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་བཅས་ལ་གཞིགས་པའི་གླུ་གཞས་སྐད་འཁོར་ཞིག་རིང་མིན་འདོན་འཆར་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  གླུ་གཞས་དང་རོལ་དབྱངས་གསར་རྩོམ་གྱི་བརྒྱུད་རིམ་འདིའི་ཁྲོད་ཀྱི་དཀའ་ངལ་ཁག་དབྱངས་སུ་གྱེར་བའི་རྒྱབ་ཏུ་གནད་དོན་ཁག་གི་ཐད་ཆོས་རྒྱལ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎