ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་བོད་རིགས་སྨན་ཞབས་ཚོགས་པ་རྒྱ་གར་ནང་ལས་འགུལ་སྤེལ་བ།
2018.09.10

༄༅། །ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་བོད་རིགས་སྨན་ཞབས་ཚོགས་པ་ཞེས་པས། རྒྱ་གར་གྱི་གྲོང་ཁྱེར་ལྡི་ལིའི་བོད་སྒར་བསམ་ཡས་གླིང་དང་བཞུགས་སྒར་རྡ་རམ་ས་ལའི་ནང་བོད་མི་ཚོར་འཕྲོད་བསྟེན་གྱི་ལམ་སྟོན་དང་རིན་མེད་བརྟག་དཔྱད། སྨན་བཅོས་ཀྱི་སྦྱོང་བརྡར་སྤྲོད་རྒྱུའི་འཆར་གཞིའི་སྐོར་གཡུ་སྒྲོན་ལགས་ཀྱིས་སྨན་ཞབས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་བག་འགྲོ་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་གཡུ་སྒྲོན།