བོན་གྱི་ལམ་རིམ་སུམ་བརྒྱ་པ་དབྱིན་བསྒྱུར་གྲུབ་པའི་མཛད་སྒོ།

2022.08.30
བོན་གྱི་ལམ་རིམ་སུམ་བརྒྱ་པ་དབྱིན་བསྒྱུར་གྲུབ་པའི་མཛད་སྒོ།
རྔ་པ་ཀུན་བཟང་སྒྲོལ་མ།

ཞྭ་དཀར་བསྟན་པའི་གཙུག་རྒྱན་སྨན་རིའི་ཁྲི་འཛིན་ ༣༤ རིན་པོ་ཆེ་མཆོག་གིས་ཕྱི་ཟླ་ ༨ ཚེས་ ༢༡ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའིམེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་ལམ་རིམ་སུམ་བརྒྱ་ཉི་ཤུ་པ་འདི་ཉིད་དབྱིན་བསྒྱུར་གྲུབ་པས་ཕྱག་དེབ་དབུ་འབྱེད་མཛད་ཡོད་པ་སོ་ལན་བོན་གཞིས་སུ་ཆགས་པའི་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་དུ་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་ལམ་རིམ་སུམ་བརྒྱ་ཉི་ཤུ་པ་འདི་ཉིད་དབྱིན་བསྒྱུར་གྲུབ་པས་ཕྱག་དེབ་དབུ་འབྱེད་མཛད་ཡོད་པ་ལྟར།  གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ལམ་རིམ་སུམ་བརྒྱ་པ་དབྱིན་བསྒྱུར་གནང་མཁན་རྒྱ་གར་བྱང་ཕྱོགས་ཝ་ར་ཎ་སིའི་ཧིན་དྷུ་གཙུག་ལག་སློབ་ཆེན་ནས་སེམས་ཀྱི་རྣམ་གཞག་དང་འབྲེལ་ནས་བོན་ལུགས་དང་ནང་པའི་ལུགས་ཟུང་སྦྲེལ་གྱི་འབུམ་རམས་པའི་ཉམས་ཞིབ་གནང་བཞིན་པ་རྔ་པ་ཀུན་བཟང་སྒྲོལ་མ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎