ལོ་འཁོར་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ།
2019.08.06

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བཞུགས་སྒར་རྡ་རམ་ས་ལར་ཕྱི་ཟླ་ ༧ ཚེས་ ༢༢ ནས་ ༢༨ བར་ལོ་འཁོར་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་གནང་བ་དང་བསྟུན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་འཕྲོད་བསྟེན་གནས་སྟངས་ལ་བསྐྱར་ཞིབ་སླད་འབྲེལ་ཡོད་འཕྲོད་བསྟེན་སྨན་པ་བློ་བཟང་ཚེ་རིང་ལགས་དང་འཕྲོད་བསྟེན་ལས་ཁུངས་ཀྱི་མཆིན་ནད་དུག་ཐབས་དང་ནད་གཞི་གྲངས་ཐོའི་ལས་འཁུར་ཞུ་མཁན་བསྟན་འཛིན་སྒྲོལ་དཀར་ལགས་དང་ལྷན་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།