རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ནང་ཡོད་པའི་བདེ་སྐྱིང་སླར་གསོའི་བོད་མིའི་སོ་ནམ་གཞི་རིམ་མཉམ་འབྲེལ།
2024.10.21
དེང་སང་ཁྲོམ་རའི་རིན་གོང་འཕོ་འགྱུར་རྒྱུན་ཆད་མེད་པར་འགྲི་བཞིན་པའི་རྐྱེན་གྱིས་ང་ཚོའི་ཨ་ཤོམ་ཚོང་ལས་ལ་ཁེ་བཟང་མེད་པར་དཀའ་ངལ་འཕྲད་པ་དང་། གྱོང་གུད་ཡང་ཡང་འབྱུང་གི་འདུག་ཅེས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ནང་ཡོད་པའི་བདེ་སྐྱིང་སླར་གསོའི་བོད་མིའི་སོ་ནམ་གཞི་རིམ་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་དང་འབྲེལ། མཉམ་འབྲེལ་འདིའི་ནང་གཉེར་བཞིན་པའི་ཚོང་ལས་ལས་དོན་གཞན་སོགས་ཀྱི་སྐོར་ལ་བསྟན་འཛིན་དཔལ་མོ་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།