ནད་རྟགས་མི་ཐོན་པའི་རྐྱེན་གྱིས་སྨན་བཅོས་འཐུས་ཤོར།
2023.12.05
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། ཕྱི་ལུགས་ཀྱིས་Diabetes འམ་གཅིན་སྙི་ཟ་ཁུའི་ནད་ན་མཁན་མང་ཆེ་བར་ནད་རྟགས་མི་ཐོན་པའི་རྐྱེན་གྱིས་ནད་དེར་སྨན་བཅོས་འཐུས་ཤོར་ཕྱིན་ནས་སྙིང་དང་ཀླད་པ། མཁལ་མ་སོགས་གནོད་འཚེ་བཟོ་བ་ཙམ་མ་ཡིན་པར་ཚེ་སྲོག་ལ་ཉེན་ཁ་བཟོ་བའི་རྐྱེན་བྱེད་པའི་ཁར། གཅིན་སྙི་ཟ་ཁུའི་ནད་པའི་ནང་མི་དང་། དམིགས་བསལ་ཤ་མར་དང་། ཞག་ཚིལ་རིགས་མང་པོ་ཟ་མཁན་གྱི་གོམས་གཤིས་ཡོད་པའི་མི་རིགས་ནང་ན་མཁན་མང་བ་ཡོད་པའི་སྐོར་ཕྱི་ལུགས་ཀྱིས་ངོས་འཛིན་གནང་བའི་ནང་དོན་ཐད་གཡུ་སྒྲོན་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།