ལྡི་ལི་བསམ་ཡས་གླིང་ནི་ཟས་རིགས་སྣ་འཛོམས་ལྡན་པའི་ལྟེ་གནས་སུ་ངོས་འཛིན་གནང་ཡོད་པ།
2022.11.10

མི་རབས་གསར་པའི་ལེ་ཚན་ནང་། ཉེ་ལམ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གཞུང་ནས་བསམ་ཡས་གླིང་བོད་མིའི་གཞིས་སྒར་དེ་བཞིན་ལྡི་ལི་ཁུལ་དུ་ཟས་རིག་སྣ་འཛོམས་ལྡན་པའི་ལྟེ་གནས་སུ་ངོས་འཛིན་གསལ་བསྒྲགས་གནང་པའི་ཐག་གཅོད་དང་འབྲེལ་དེ་ལྟར་ངོས་འཛིན་ཐོབ་པ་དེས། བསམ་ཡས་གླིང་གཞིས་ཆགས་དང་མི་མང་ལ་ཁེ་ཕན་ཇི་ལྟར་ཡོང་རྒྱུ་དང་ གཞི་རྩའི་གཞིས་སྔ་རྗེས་སུ་གཞིས་ཆགས་ཀྱི་འཕེལ་རིམ་དང་འགྱུར་འགྲོ་སྐོར། བསམ་ཡས་གླིང་གཞིས་ཆགས་ཀྱི་རྒྱ་དཔོན་ཀརྨ་རྡོ་རྗེ་ལགས་སུ་ འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཞུས་པའི་དུམ་བུ་དང་པོ་དེ་གསན་རོགས་ཞུ།།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག