གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨ་རིའི་ནུབ་ཕྱོགས་ཨོ་རི་གྷན་མངའ་སྡེའི་པོརྚ་ལེན་གྲོང་ཁྱེར་དུ་ཆགས་པའི་ནུབ་བྱང་བོད་རིགས་སྤྱི་མཐུན་ཚོགས་པས་ཕྱི་ཟླ་ ༢ ཚེས་ ༩ ཉིན་གཟའ་མཇུག་བོད་ཡིག་སློབ་གྲྭའི་བགྲོ་གླེང་ཐོག་མར་དེ་གོ་སྒྲིག་གནང་བ་དང་སྟབས་བསྟུན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་ཀྱི་སྐད་ཡིག་འདི་ཉིད་བོད་པའི་ཕྲུ་གུས་སྤྱོད་པའི་སྐད་ཡིག་དང་པོ་དེ་ཡིན་ནམ་ཞེས་པའི་བརྗོད་གཞི་དང་བོད་ཀྱི་སྐད་ཡིག་གཅེས་འཛིན་བྱེད་ཕྱོགས་ཀྱི་གལ་གནད་བཅས་ཀྱི་སྐོར་བགྲོ་གླེང་ཞུས་པ་ཞིག་སྙན་སྒྲོན་ཞུ་རྒྱུ་དང་། ལས་རིམ་འདིའི་ཐོག་ནུབ་བྱང་བོད་རིགས་སྤྱི་མཐུན་ཚོགས་པའི་ཤེས་རིག་འགན་འཛིན་བསོད་ནམས་ཆོས་འཛོམས་ལགས་དང་། བགྲོ་གླེང་གི་ལས་རིམ་གོ་སྒྲིག་པ་བློ་བཟང་དོན་གྲུབ་ལགས། བགྲོ་གླེང་ནང་ཞུགས་པའི་སློབ་མ་བསྟན་འཛིན་ཆོས་དབང་ལགས་དང་བསྟན་འཛིན་འོད་ཟེར་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་གནང་གི་རེད།
0:00 / 0:00