ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་དང་དེར་གཟིགས་ཚུལ།
2021.01.21
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་ཀོ་ཝིཌ་༡༩ ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་ཐད་རྒྱལ་སྤྱིའི་ཚན་རིག་པའི་ཁྲོད་དུ་བློ་བདེ་པོ་མེད་པའི་གནས་ཚུལ་གླེང་བཞིན་ཡོད་པའི་རྒྱུ་རྐྱེན་དང་ད་ཆ་བོད་ཀྱི་ལྷ་སར་སྨན་ཁབ་འགོ་བཙུགས་ཟིན་པའི་ཐད་ལ་ཚན་རིག་གི་འགྲོ་ལུགས་ཀྱི་ཐོག་ནས་ཉེན་ཁ་ཇི་ལྟར་ཡོད་མེད་སྐོར་གཡུ་སྒྲོན་ལགས་ཀྱིས་ཨ་རིའི་Johns Hopkins སྨན་ཁང་གི་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་སུ་གཟིགས་ཚུལ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།