ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་སྔོན་འགོག་སྨན་ཁབ།
2020.11.16
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། ཨ་རིའི་ Pfizer སྨན་གྱི་བཟོ་གྲྭ་དང་ཇར་མ་ནིའི་སྨན་རྫས་བཟོ་གྲྭ་གཉིས་མཉམ་ལས་ཀྱིས་བཟོ་སྐྲུན་བྱས་པའི་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་སྔོན་འགོག་སྨན་ཁབ་དེ་རིང་མིན་ཕྱི་ཟླ་བཅུ་གཅིག་པའི་ཟླ་མཇུག་ཙམ་ལ་འགྲོ་བ་མིའི་ནང་ཉེན་ཁ་མེད་པར་རྒྱབ་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་དེའི་ཐད་འཛམ་གླིང་མང་ཚོགས་ནས་ཀྱང་རེ་བ་ཆེན་པོ་བྱེད་པར་བརྟེན་ནས་སྔོན་འགོག་སྨན་ཁབ་དེར་རེ་བ་ཇི་ཙམ་ཡོད་མེད་སྐོར་གཡུ་སྒྲོན་ལགས་ཀྱིས་ཨ་རིའི་Johns Hopkins སྨན་ཁང་གི་སྨན་པ་དཀོན་ཆོག་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།