0:00 / 0:00

༄༅།། ཨ་མི་རི་ཀའི་ནུབ་བྱང་གི་Montana མངའ་སྡེའིArleeས་གནས་སུ་རྟེན་གཞི་བྱས་པའི་སྡ་འགྱུར་རྙིང་མའི་གནམ་ལྕགས་ལུགས་ཀྱི་ཆོས་བརྒྱུད་འཛིན་པ་༧སྐྱབས་རྗེ་སྤྲུལ་སྐུ་གསང་སྔགས་རིན་པོ་ཆེ་མཆོག་གི་ཨེ་ཝམ་ཆོས་ཚོགས་ཀྱིས་ལོ་མང་ནས་གསར་བསྐྲུན་གནང་བའི་Thousand Buddha Garden འམ་སངས་རྒྱས་སྟོང་སྐུའི་སྐྱེ་མོས་ཚལ་ཟེར་བ་དེ་བཞིན་ད་རེས་སྡ་འགྱུར་རྙིང་མའི་སྨོན་ཆེན་མོའི་དབུ་འཛིན་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་ནས་དབུ་འབྱེད་དང་རབ་བཅས་གནང་སྟེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་བསྐྱོངས་གནང་མཛད་དེ་ལེགས་གྲུབ་བྱུང་ཡོད་པའི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས་ཞུ།།

གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག