འཆི་མེད་རྡོ་རྗེ་ལགས་ཀྱིས་བོད་པ་དང་རྒྱ་གར་བ་ཁག་ཅིག་ངན་གོམས་ནས་སྐྱོབ་ཡོད་པ།

2022.10.25
འཆི་མེད་རྡོ་རྗེ་ལགས་ཀྱིས་བོད་པ་དང་རྒྱ་གར་བ་ཁག་ཅིག་ངན་གོམས་ནས་སྐྱོབ་ཡོད་པ། འཆི་མེད་རྡོ་རྗེ་ལགས་ཀྱིས། བཛྲ་ཀརུནཱ་གོ་རྟོགས་དང་བཅོས་ཐབས་བསྟི་གནས་ཁང་ཞེས་པ་བཙུགས་ཏེ། བོད་པ་དང་རྒྱ་གར་བ་ཁག་ཅིག་ངན་གོམས་ཀྱི་དཀའ་ངལ་ལས་སྐྱོབ་ཡོད་པ་རེད།
འཆི་མེད་རྡོ་རྗེ།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ལོ་ངོ་ ༡༥ རིང་སྨྱོས་རྫས་ངན་གོམས་ཀྱི་ངན་ལངས་ཤོར་ནས་མཐར་ནད་རིགས་འདི་ནས་གྲོལ་ཐུབ་པ་འཆི་མེད་རྡོ་རྗེ་ལགས་ཀྱིས། བཛྲ་ཀརུནཱ་གོ་རྟོགས་དང་བཅོས་ཐབས་བསྟི་གནས་ཁང་ཞེས་པ་རྒྱ་གར་གྱི་ཨིན་དྷོར་གྲོང་ཁྱེར་ནང་བཙུགས་ཏེ། ད་བར་བོད་པའི་མི་སྣ་ལྔ་ལ་དཀའ་ངལ་འདི་ནས་སྐྱོབ་ཐུབ་པ་བྱུང་ཞིང་། རྒྱ་གར་སྤྱི་ཚོགས་ནང་མི་གྲངས་བཅུ་ཕྲག་ཁ་ཤས་ལ་ངན་གོམས་ནས་ཐར་ཐུབ་པའི་ཕྱག་ལས་གནང་ཡོད་པ་ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། གཤམ་ལ་འཆི་མེད་རྡོ་རྗེ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎