ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་ཁྲོད་ཆོས་ཕྱོགས་དང་ཚན་རིག་ཟུང་སྦྲེལ་གྱི་ཐོག་གདོང་ལེན།
2020.04.07

༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་ཁྲོད་ཆོས་ཕྱོགས་དང་ཚན་རིག་ཟུང་སྦྲེལ་གྱི་ཐོག་ནས་ནད་ཡམས་འགོས་པའི་ནད་པར་ལྟ་སྐྱོང་དང་། འཛམ་གླིང་གང་སར་ཟུར་བཀག་བྱེད་པའི་མི་མང་ཁྲོད་སེམས་མྱོང་གི་དཀའ་སྡུག་གནས་སྟངས་མང་པོ་ཕྲད་དང་འཕྲད་བཞིན་པར་གདོང་ལེན་བྱེད་ཕྱོགས་ཐད་ཨ་རིའི་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ནང་ཡིག་སྒྱུར་གྱི་ཐུགས་འགན་བཞེས་མཁན་དང་ཨ་རིའི་འཇོར་ཇི་ཡ་མངའ་ཁུལ་གྱི་འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་ཀྱི་ཆོས་དགེ་བགྲེས་པ་ལྷ་རམས་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་དང་། མི་ནི་སོ་ཊ་མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཟུང་སྦྲེལ་སྨན་གྱི་སློབ་དཔོན་བོད་ཀྱི་གསོ་རིག་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག