བོད་རང་བཙན་ཡིན་པའི་བདེན་དཔང་གི་ཕྱག་དེབ།
2024.02.15
ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་རྒྱ་མི་དམར་པོས་བོད་ནང་དྲག་པོའི་བཙན་འཛུལ་མ་བྱས་གོང་བོད་རང་བཙན་ཡིན་པའི་བདེན་དཔང་གི་ཕྱག་དེབ་ཨི་ཀྲ་ལིའི་མཁས་པ་Giuseppe Tucci ལགས་ཀྱི་ལོ་རྒྱུས་ཀྱི་ཕྱག་དེབ་དེ་ཕྱི་ཚེས་༡༣་ཉིན་རྒྱལ་ས་ལྡི་ལིའི་Pragati Maidan ཞེས་པའི་ཐང་ཆེན་ནང་འཛམ་གླིང་དེབ་ཀྱི་འགྲེམས་སྟོན་གནང་སྐབས་དབུ་འབྱེད་གནང་དང་འབྲེལ་ཡོད་སྐོར་ལྡི་ལི་བོད་ཁང་གི་དབུ་འཛིན་སྐུའི་གསུང་འགྱུར་ཟུར་པ་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ལ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།