བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་ལྷ་ས་དང་བོད་ཀྱི་ས་ཁུལ་གཞན་ཁག་ཏུ་བདེ་འཇགས་ཞིབ་བཤེར་གྱི་མིང་ཐོག་ནས་དམ་དྲག་ཤུགས་ཆེ་རུ་བཏང་འདུག
བོད་མི་ཚོས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་ལྷ་ས་དང་བོད་ཀྱི་ས་ཁུལ་གཞན་ཁག་ཏུ་བདེ་འཇགས་ཞིབ་བཤེར་གྱི་མིང་ཐོག་ནས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ཆོས་ལུགས་དང་རིག་གཞུང་གི་རྣམ་འགྱུར་ཐོག་སྟངས་འཛིན་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད། ཕྱོགས་མཚུངས་ཨ་རིའི་རང་དབང་ཁང་པས་ཉེ་ལམ་བཏོན་པའི་ "འཛམ་གླིང་ནང་གི་རང་དབང་ ༢༠༢༥" ཞེས་པའི་སྙན་ཐོའི་ནང་། བོད་ཀྱི་ཆབ་སྲིད་དང་མི་སེར་གྱི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པ་གསལ་སྟོན་བྱས་ཡོད། བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལེ་ཚན་འདིའི་ནང་ང་ཚོས་ལོ་གསར་སྐབས་བོད་ནང་དུ་དམ་དྲག་ཇི་ལྟར་བྱེད་ཀྱི་ཡོད་མེད་དང་། བོད་མི་ཚོས་གདོང་ལེན་བྱེད་སྟངས། དེ་བཞིན་རང་དབང་ཁང་པའི་སྙན་ཐོ་གསར་ཤོས་དེས་བོད་ནང་གི་གཞི་རྩའི་ཐོབ་ཐང་རྣམས་རྒྱུན་མཐུད་ནས་དམ་དྲག་བྱེད་བཞིན་པའི་མཚོན་རྟགས་ཅི་ཞིག་སྟོན་གྱི་ཡོད་མེད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་དང་། རྩོམ་སྒྲིག་འགན་འཛིན་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།