ཨ་རིས་གཙོས་ནུབ་ཕྱོགས་རྒྱལ་ཁབ་མང་པོས་ཊིཀ་ཊོཀ་མེད་པ་བཟོ་དགོས་པའི་གླེང་སློང་ཤུགས་ཆེ་ཡོང་བཞིན་པ།
2023.04.06

དེང་སྐབས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོས་རྒྱ་ནག་གི་ཐེ་བྱུས་ཡོད་པའི་མཉེན་ཆས་ TikTok སོགས་ཀྱིས་བེད་སྤྱོད་བྱེད་མཁན་ཚོའི་གནས་ཚུལ་རྐུ་འཁྱེར་གྱི་གནད་དོན་དང་འབྲེལ་ནས་མཉེན་ཆས་དེ་རིགས་མེད་པ་བཟོ་རྒྱུའི་གླེང་སློང་ཤུགས་ཆེ་ཡོང་བཞིན་པ་དང་འབྲེལ་ནས། དྲ་རྒྱ་དེ་རིགས་ཀྱིས་གནས་ཚུལ་རྐུ་འཁྱེར་བྱེད་སྟངས་སོགས་ལག་རྩལ་སྐོར་བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲ་རྒྱའི་བདེ་འཇགས་འགན་འཛིན་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་སུ་འཆི་མེད་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་ལ་གསན་རོགས་ཞུ།།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག