ཤྲི་ལངྐར་གནས་བརྟན་སྡེ་བའི་འདུལ་བའི་སྐོར་ཉམས་ཞིབ་ཆེད་ཕེབས་པ།
ལོ་མང་སྔོན་༧གོང་ས་རྒྱལ་བ་རིན་པོ་ཆེན་མཆོག་གིས་ཡང་ནས་ཡང་དུ་བོད་བརྒྱུད་ནང་བསྟན་དང་།གནས་བརྟན་སྡེ་བའི་དབར་གཅིག་གིས་གཅིག་ལ་རྒྱུས་མངའ་བྱེད་དགོས་པ་དང་།བློ་བསྐྱེད་ལེན་དགོས་པ།བགྲོ་གླེང་བྱེད་དགོས་པ་སོགས་གལ་ཆེན་ཡིན་སྐོར་བཀའ་སློབ་ཕེབས་པ་སྙིང་བཅངས་ཀྱིས།ཉེ་ལམ་ཟླ་ཤས་རིང་སེར་བྱེས་དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ་ལགས།གནས་བརྟན་སྡེ་བའི་རྒྱལ་ཁབ་སེངྒ་གླེང་དུ་འདུལ་བའི་སྐོར་ལ་ཉམས་ཞིབ་དང་རྒྱུས་མངའ་བྱ་ཆེད་ཕེབས་ཡོད་པ་རེད།
དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ཁོང་གིས་འདུལ་བའི་སྐོར་ཉམས་ཞིབ་བྱེད་པས་བརྒྱུད་རིམ་དང་མྱོང་ཚོར་།མི་རིང་བར་གནས་བརྟན་སྡེ་བའི་འདུལ་བ་བོད་སྒྱུར་གྱིས་དེབ་ཞིག་པར་བསྐྲུན་བྱེད་རྒྱུའི་གནད་འགག་དང་།ལྷག་པར་དུ་བོད་པའི་སེར་མོ་བ་ཚོས་སྤྱི་ཚོགས་སྟེང་འབུར་དུ་ཐོན་ཐུབ་པ་ལ།དེང་དུས་ཀྱི་སྐད་ཡིག་གི་ཆ་རྐྱེན་ཚང་དགོས་པའི་གལ་ཆེན་སྐོར་གསུངས་བ་བཅས་ཞིབ་ཕྲ་གཤམ་ཏུ་ལེ་ཚན་ནང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་དང་ལྷན་དུ་བགྲོ་གླེང་བྱས་པ་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།