ལ་དྭགས་བསོད་ནམས་གཞིས་ཆགས་སུ་བོད་པའི་གཞོན་སྐྱེས་ཁག་ཅིག་གིས་ཤ་ཚ་ཚོགས་པ་ཞེས་པ་ཞིག་འགོ་འཛུགས་ཡོད་པ།

2022.03.19
ལ་དྭགས་བསོད་ནམས་གཞིས་ཆགས་སུ་བོད་པའི་གཞོན་སྐྱེས་ཁག་ཅིག་གིས་ཤ་ཚ་ཚོགས་པ་ཞེས་པ་ཞིག་འགོ་འཛུགས་ཡོད་པ། ལ་དྭགས་བསོད་ནམས་གཞིས་ཆགས་སུ་ཤ་ཚ་ཚོགས་པ་ཞེས་པའི་དཔེ་ཀློག་གམ་ཀློག་རྩལ་གྱི་ནུས་པ་གོང་མཐོར་གཏོང་བའི་ལས་གཞི་གཅིག་ ༢༠༡༩ ནས་འགོ་འཛུགས་གནང་ཡོད་པ་རེད།
ཤ་ཚ་ཚོགས་པ།

ལ་དྭགས་བསོད་ནམས་གཞིས་ཆགས་སུ་བོད་པའི་གཞོན་སྐྱེས་ཁག་ཅིག་གིས་སེམས་ཤུགས་གཙོ་བཟུང་གིས་བོད་པའི་མི་རབས་རྗེས་མ་ཚོར་ཤེས་ཡོན་ཐོག་ལ་ནུས་ལྡན་གྱི་བག་ཆགས་ཤིག་བསྐྲུན་ཐུབ་པ་དང་། བོད་ཀྱི་རྩ་དོན་གོ་རྟོགས་སྤེལ་རྒྱུ། གཞོན་སྐྱེས་ལ་སྦྱོང་བརྡར་སོགས་ཀྱི་ཕུགས་འདུན་བཟུང་སྟེ། ཤ་ཚ་ཚོགས་པ་ཞེས་པའི་དཔེ་ཀློག་གམ་ཀློག་རྩལ་གྱི་ནུས་པ་གོང་མཐོར་གཏོང་བའི་ལས་གཞི་གཅིག་ ༢༠༡༩ ནས་འགོ་འཛུགས་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཤ་ཚ་ཚོགས་པའི་འཛིན་སྐྱོང་གི་འགན་འཁུར་བ་དང་། དཔེ་མཛོད་དོ་དམ་པ་བཅས་བེུད་གསུམ་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎