བོན་ཀྱི་ཆོས་ལུགས་བྱུང་སྟངས་དང་བོད་ནང་རྒྱ་ནག་གིས་བཙན་འཛུལ་བྱས་རྗེས་ཉམ་རྒུད་ཕྱིན་པ་དེ་བཞིན་སླར་གསོ་གང་འདྲ་བྱུང་ཡོད་མེད་སྐོར་གླེང་མོལ།

2024.01.08
བོན་ཀྱི་ཆོས་ལུགས་བྱུང་སྟངས་དང་བོད་ནང་རྒྱ་ནག་གིས་བཙན་འཛུལ་བྱས་རྗེས་ཉམ་རྒུད་ཕྱིན་པ་དེ་བཞིན་སླར་གསོ་གང་འདྲ་བྱུང་ཡོད་མེད་སྐོར་གླེང་མོལ། རྣམ་མཁྱེན་སྟོན་པ་གཤེན་རབ་མཆོག
གཡུང་དྲུང་བོན་གྱི་དྲ་རྒྱ།

དེ་ཡང་བོད་ནང་སངས་རྒྱས་ཆོས་ལུགས་མ་བྱུང་གོང་དུ་བོད་ཀྱི་སྤྱི་ཚོགས་ཀྱི་རིམ་པ་དེ་མང་པོ་ཞིག་སོང་ཟིན་པ་དང༌། སྤྱི་ཚོགས་དེ་འདྲའི་ནང་དུ་མི་རིགས་སོ་སོའི་འདུ་ཤེས་དེ་འཕེལ་རྒྱས་འགྲོ་དུས་དེའི་ནང་རིག་གནས་ཤིག་ངེས་པར་ཡོད་དགོས་པ་ཡིན་པའི་དཔེར་ན་རླུང་རྟ་སོགས་རིག་གནས་མང་པ་ཞིག་ད་ཆ་ངེད་ཅག་གིས་བཀོལ་བཞིན་པ་དག་བོན་ཆོས་ནས་དར་བ་ཡིན་པའི་སྐོར་བརྗོད་ཀྱི་ཡོད་། བོན་པོའི་ཆོས་ཐོག་མར་གསར་གཏོད་གནང་མཁན་ནི་བོན་གྱི་སྟོན་པ་གཤེན་རབ་ག་དུས་བྱོན་མིན་ཐད་བོན་པོའི་ལོ་རྒྱུས་ནང་ཤོད་སྟངས་ཅུང་མི་འདྲ་བ་ཡོད།
དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་རྒྱ་ནག་གིས་བོད་བཙན་འཛུལ་རྗེས་གཡུང་དྲུང་བོན་གྱི་ཆོས་ལུགས་ཉམས་རྒུད་དང་ད་ལྟའི་ཆར་བོད་ཕྱི་ནང་དུ་སླར་གསོ་སྐོར་དང་ལྷག་པར་དུ་བཙན་བྱོལ་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་དཀའ་དྲིན་འོག་བོན་ཆོས་ལ་བརྩི་མཐོང་དང་འཛམ་གླིང་ཤར་ནུབ་གང་ས་ཁྱབ་སྤེལ་ཇི་ལྟར་ཕྱིན་སྐོར། བོན་པོའི་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་དང་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎