རྒྱ་གར་གྱི་ཏོག་དབྱིབས་འགོ་ནད་ཀྱི་ཞིབ་འཇུག་ནང་བོད་ཀྱི་གསོ་བ་རིག་པར་གོ་སྐབས་ཡོད་མེད།
2020.05.19

ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་།
རྒྱ་གར་གཞུང་གིས་རྒྱ་གར་ནང་གི་སྲོལ་རྒྱུན་སྨན་གྱིས་ཏོག་དབྱིབས་འགོ་ནད་ལ་ཞིབ་འཇུག་བྱ་རྒྱུའི་འཆར་གཞི་ཡོད་པ་དེའི་ནང་བོད་ཀྱི་གསོ་བ་རིག་པར་གོ་སྐབས་དང་མཉམ་ཞུགས་བྱེད་ཐུབ་པའི་ཆ་རྐྱེན་ཡོད་མེད་སྐོར་གཡུ་སྒྲོན་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཚེ་རིང་མཚམས་གཅོད་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།