ཡོ་རོབ་གཞོན་ནུའི་ཁྲིམས་དཔང་གི་གཟེངས་རྟགས་ཐོབ་འདུག
བསྟན་འཛིན་ཚེ་བརྟན་ལཊ་ཀྱི་གློག་བརྙན་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཡོ་རོབ་གཞོན་ནུའི་ཁྲིམས་དཔང་གི་གཟེངས་རྟགས་ཐོབ་འདུག
-
2014-01-27 -
-
-
བསྟན་འཛིན་ཚེ་བརྟན་ལཊ་ཀྱི་གློག་བརྙན་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཡོ་རོབ་གཞོན་ནུའི་ཁྲིམས་དཔང་གི་གཟེངས་རྟགས་ཐོབ་འདུག
དེ་ཡང་གློག་བརྙན་དེ་ནི་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་གནས་སྡོད་གློག་བརྙན་བཟོ་བསྐྲུན་པ་བསྟན་འཛིན་ཚེ་བརྟན་ཕྱོགས་ལས་ལགས་ཀྱིས་བཟོས་པའི་Bringing Tibet Home ཞེས་པའི་དངོས་བཀོད་གློག་བརྙན་དེ་ཡིན་པ་རེད། གཟའ་སྤེན་པའི་ཉིན་ཕ་རནསིའི་གྲོང་ཁྱེར་Biarritzཞེས་བར་ཚོགས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཡོ་རོབ་གཞོན་ནུའི་ཁྲིམས་དཔང་གི་གཟེངས་རྟགས་ཐོབ་པ་ཡིན་འདུག
གློག་བརྙན་དེ་ནི་བཙན་བྱོལ་ནང་ལ་གནས་བཞིན་པའི་བོད་ཀྱི་ན་གཞོན་ཞིག་གིས་ང་ཚོའི་ཕ་ཡུལ་དང་། ང་ཚོའི་མི་མང་ཞེས་སྒྱུ་རྩལ་བའི་ཕུགས་བསམ་དང་། མངོན་འདོད་མཚོན་ཕྱིར་ བོད་ནང་གི་བོད་མི་ཚོ་དང་བཙན་བྱོལ་ནང་ལ་འཚར་ལོངས་འབྱུང་བཞིན་པའི་གཞིས་བྱེས་བོད་མིའི་དབར་འབྲེལ་བ་ཉེ་རུ་གཏོང་ཐབས་ཀྱི་གསར་གཏོད་ཅན་གྱི་ཐབས་ལམ་ཞིག་གཏིང་བ་ཡིན་ཞིང་། གློག་བརྙན་དེའི་ནང་རིག་སྒྲོལ་ཞུ་བའི་དེང་དུས་བོད་ཀྱི་སྒྱུ་རྩལ་མཁན་དེ་ཡིས་ཕྱི་ལོ་ ༢༠༡༠ལོར་བོད་ནས་ས་སྤྱི་རྒྱ་ཉིས་ཁྲི་བཙན་བྱོལ་དུ་འཁྱེར་ཡོང་བ་ཕྱིས་སུ་བཞུགས་སྒར་རྡ་རམ་ས་ལར་དྲན་རྟེན་ལྟ་བུར་ཆེད་འཇོག་བྱས་པར་བཙན་བྱོལ་ནང་གི་བོད་མི་ཚོས་བོད་ནས་ཆེད་མངགས་བསྣམས་ཏེ་རྡ་རམ་ས་ལར་རྨང་གཞི་གཏིང་བའི་ཐོག་ལ་བསྐྱོད་དེ་ རང་ཉིད་བོིད་ཀྱི་ས་ཐོག་ཏུ་ཐེངས་དང་པོ་དངོས་གནས་བསྐྱོད་ཐུབ་པ་ལྟ་བུའི་ཚོར་སྣང་མྱང་རྒྱུའི་མཐུན་རྐྱེན་བསྐྲུན། ཁོང་གིས་གསུང་ན་བཙན་བྱོལ་བོད་མི་ཁ་ཅིག་ལ་གཞིས་བྱེས་བོད་མི་མཉམ་འཛོམས་བྱུང་བ་དང་། ཕ་ཡུལ་དྲན་པ། བོད་མི་ཁ་ཅིག་ལ་ནི་སོ་སོའི་མི་ཚེའི་ནང་བོད་ཀྱི་ས་ཆ་མཐོང་བ་མཐའ་མ་དེ་ཡང་ཡིན་པ་མཚོན་གྱི་ཡོད་པ་བརྗོད་འདུག
གསར་འགོད་པ་འབེན་པ་སྟོབས་རྒྱལ།