ནིའུ་ཡོག་ཏུ་བཀའ་བརྒྱུད་སྨོན་ལམ་ཆེན་པོ་ཐེངས་བཞི་པ་ཚོགས་ཡོད་པ།
2022.11.21
༄༅།།དེ་རིང་གི་ཆེད་བསྒྲིགས་ཀྱི་ལེ་ཚན་ནང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བཀའ་བརྒྱུད་སྨོན་ལམ་ཆེན་པོ་ཐེངས་བཞི་པ་དེ་ད་རེས་སྤྱི་ལོ་༢༠༢༢སྤྱི་ཟླ་༡༡པའི་ཚེས་༡༨ནས་ཚེས་༢༠བར་ཉིན་གྲངས་གསུམ་གྱི་རིང་དུ་ཚོགས་ཡོད་པ་དེ་ནི་འཛམ་གླིང་ཞི་བདེ་དང་ནད་ཡམས། དམག་འཁྲུགས་སོགས་ཞི་བའི་ཆེད་དུ་དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་དགོང་གཞི་ལྟར། ཚོགས་ཡོད་པའི་སྐོར་ཟླ་སྣང་ཐེབས་རྩ་ཁང་གི་འགན་འཛིན་གཞོན་པ་དང་སྨོན་ལམ་གོ་སྒྲིགས་ཚོགས་ཆུང་གི་ཚོགས་གཙོ་སྨན་པ་དབང་འདུས་ལགས་དང་ལྷན་དུ་ཚེ་དབང་ནོར་བུ་ལགས་ཀྱིས་བཅའ་འདྲི་ཞུས་པ་དེ་གསན་རོགས་ཞུ།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།