བཀའ་བརྒྱུད་པའི་ལོ་འཁོར་སྨོན་ལམ་ཐེངས་༣༦པ།
2019.01.16

༄༅༎ཐེངས་འདིའི་ཁ་བའི་གྲོས་རྭའི་ལེ་ཚན་གྱི་ནང་དུ་བཀའ་བརྒྱུད་པའི་ལོ་འཁོར་སྨོན་ལམ་ཐེངས་༣༦པ་དེ་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་གནང་ཡོད་པ་རེད།སྦྱིན་བདག་མང་པོ་ཡོད་པ་དེའི་ནང་ནས་གཙོ་བོ་ནི་བལ་ཡུལ་ནང་གི་གཉེ་ཤངས་ལུང་པའི་དད་ལྡན་ཆོས་ཞུ་བ་ཚོ་ཆགས་ཀྱི་ཡོད་སྐོར་དང་དེ་མིན་རྒྱལ་དབང་ཀརྨ་པ་མཆོག་གིས་དམིགས་བསལ་བཀའ་སློབ་ཕེབས་ཀྱི་ཡོད་མེད་སོགས་ཞིབ་ཕྲ་གནས་ཚུལ་སྐོར་བཀའ་བརྒྱུད་སྨོན་ལམ་གྱི་སྤྱི་ཁྱབ་ཆོས་ཁྲིམས་པ་མཁན་པོ་སྐལ་བཟང་ཉི་མ་ལགས་དང་རྡོ་རྗེ་དགྲ་འདུལ་གྱིས་གླེང་མོལ་བྱས་པ་ཞིག་གསན་རོགས་ཞུ༎
གསར་འགོད་པ་རྡོ་རྗེ་དགྲ་འདུལ།