ཨ་རིའི་ནུབ་བྱང་ཝ་ཤིང་ཊོན་མངའ་སྡེའི་སིཡེ་ཊལ་གྲོང་ཁྱེར་ནང་ཕྱི་ཟླ་ ༨ ཚེས་ ༢༧ ནས་ ༢༨ བར་བོད་ཀྱི་དུས་སྟོན་ཐེངས་ ༢༧ པ་ཚོགས་ཡོད་པ།

2022.08.27
ཨ་རིའི་ནུབ་བྱང་ཝ་ཤིང་ཊོན་མངའ་སྡེའི་སིཡེ་ཊལ་གྲོང་ཁྱེར་ནང་ཕྱི་ཟླ་ ༨ ཚེས་ ༢༧ ནས་ ༢༨ བར་བོད་ཀྱི་དུས་སྟོན་ཐེངས་ ༢༧ པ་ཚོགས་ཡོད་པ། ཨ་རིའི་ནུབ་བྱང་ཝ་ཤིང་ཊོན་མངའ་སྡེའི་སིཡེ་ཊལ་གྲོང་ཁྱེར་ནང་བོད་ཀྱི་དུས་སྟོན་ཐེངས་༢༧་པ།
ཝ་ཤིང་ཊོན་བོད་རིགས་ཚོགས་པའི་ངོ་དེབ་དང་སིཡེ་ཊལ་བསྟི་གནས་ཁང་།

ཨ་རིའི་ནུབ་བྱང་ཝ་ཤིང་ཊོན་མངའ་སྡེའི་སིཡེ་ཊལ་གྲོང་ཁྱེར་ནང་ཕྱི་ཟླ་ ༨ ཚེས་ ༢༧ ནས་ ༢༨ བར་བོད་ཀྱི་དུས་སྟོན་ཐེངས་ ༢༧ པ་ཚོགས་ཡོད་ཅིང་། འདི་བརྒྱུད་བོད་ཀྱི་གནའ་དེང་གི་སྒྱུ་རྩལ་དང་། རོལ་དབྱངས། ཞབས་བྲོ། བོད་ཀྱི་ཆོས་རིག་དང་འབྲེལ་བའི་འགྲེམས་སྟོན་བཅས་གནང་གི་ཡོད་པ་ནི། སིཡེ་ཊལ་བསྟི་གནས་ཁང་གིས་ངོས་ནས་ཀྱང་ལས་རིམ་གལ་ཆེ་ཤོས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་འབྲེལ་ཡོད་ས་གནས་འགོ་ཁྲིད་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཝ་ཤིང་ཊོན་བོད་མིའི་ཚོགས་པའི་ཚོགས་གཙོ་དཀོན་མཆོག་མགོན་པོ་ལགས་དང་། དུས་སྟོན་ཐོག་མར་དབུ་འཛུགས་གནང་མཁན་གྲས་ནས་གཡུ་ཐོག་ཚེ་རིང་ཆོས་སྒྲོན་ལགས་གཉིས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎