ཆིངས་དོན་འདིར་ས་རྟགས་བཀོད་དགོས་པ་ཇི་ལྟར་གྱུར་མིན།
2020.05.23

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༢༠༢༠ ཟླ་ ༥ ཚེས་ ༢༣ ཉིན་མོ་ནི་རྒྱ་ནག་དམར་པོའི་གཞུང་གི་བཙན་ཤེད་དང་བོད་ནང་མི་གསོད་ཁྲག་སྦྱོར་ལས་སྐྱོབས་ཐབས་སུ་བོད་གཞུང་གི་སྐུ་ཚབ་ནས་རྒྱ་ནག་མཉམ་ཆིངས་ཡིག་གྲོས་མཐུན་དོན་ཚན་ ༡༧ ཟེར་བར་ས་རྟགས་བཀོད་པའི་གནས་ཚུལ་བྱུང་སྟེ་བགྲང་བྱ་ ༦༩ ཧྲིལ་པོ་འཁོར་བར་སྐབས་དེའི་བོད་ནང་གི་གནས་སྟངས་དང་། ཆིངས་དོན་འདིར་ས་རྟགས་བཀོད་དགོས་པ་ཇི་ལྟར་གྱུར་མིན་སོགས་ཀྱི་ཐད་བོད་གནས་ཉམས་ཞིབ་པ་དང་རྩོམ་པ་པོ་ད་ཆ་ཨོས་ཊེ་ལི་ཡར་གནས་བཞུགས་ཆུང་ཚེ་རིང་ལགས་དང་ཐེ་ཝན་དུ་ཡོད་པ་བསོད་ནམས་རྡོ་རྗེ་ལགས་གཉིས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།