༄༅༎རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་གསལ་བསྒྲགས་གནང་བར་ལྟར་ན། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་བཀའ་ཤག་གི་དྲུང་ཆེར་བསྐོ་གཞག་གནང་ཡོད་པ་ནི། ད་ལྟའི་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ལྷོ་ཨཕ་རི་ཀའི་སྐུ་ཚབ་དོན་གཅོད་ཁང་དུ་གནས་སྤོས་གནང་བའི་ཚབ་ཏུ་བསྐོས་གནང་བ་ཞིག་ཡིན་འདུག སྐུ་ཞབས་ཀརྨ་དགེ་ལགས་ཕྱི་ལོ་ ༢༠༠༢ ལོར་ཆོས་དོན་ལྷན་ཁང་གི་དྲུང་ཆེ་ནས་ཤེས་རིག་དྲུང་ཆེར་གནས་སྤོས་གནང་ནས་ད་བར་ལོ་ངོ་བཅུ་གཅིག་ཙམ་ཤེས་རིག་དྲུང་ཆེའི་ཐུགས་འགན་བཞེས་ཡོད་པ་རེད།
ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འཕོ་བསྒྱུར་གནང་ཡོད་པའི་ཁོངས་སུ། ལྷོ་ཨཕ་རི་ཀའི་ད་ལྟའི་སྐུ་ཚབ་དོན་གཅོད་བསོད་ནམས་བསྟན་འཛིན་ལགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་འགོ་དཔལ་ལྡན་དོན་གྲུབ་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་གནས་སྤོས་གནང་བའི་ཚབ་ཏུ་མོན་གྷོའི་གཞིས་ཆགས་ཀྱི་འགོ་འཛིན་དུ་བསྐོ་གཞག་གནང་ཡོད་འདུག
བསོད་ནམས་བསྟན་འཛིན་ལགས་འདས་པའི་ལོ་ངོ་མང་པོའི་རིང་ཐོག་མར་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་སྐུ་ཚབ་དོན་གཅོད་གནང་བ་དང་། དེ་ནས་ལོ་འགའ་ཤས་གོང་ལྷོ་ཨཕ་རི་ཀའི་ནང་གནས་སྤོས་གནང་བ་ཞིག་ཡིན་པ་རེད།།