རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་དུར་འཇུག་སྲོལ་རྒྱུན་རྩ་གཏོར་གཏོང་གི་འདུག


2018.04.20
ཤིན་ཅང་ངམ་ཤར་ཏུར་ཀིསྀ་ཐན་ནང་གི་དུས་འཇུག་བྱེད་ཡུལ་ཞིག ༼ཟླ་ཚེས་མི་གསལ ཤིན་ཅང་ངམ་ཤར་ཏུར་ཀིསྀ་ཐན་ནང་གི་དུས་འཇུག་བྱེད་ཡུལ་ཞིག ༼ཟླ་ཚེས་མི་གསལ
AP

རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀིསྀ་ཐན་གྱི་ས་གནས་ཁག་ནང་ཕུང་པོ་དུར་སྦས་དོ་དམ་སྟངས་འཛིན་བསྟི་གནས་ཁང་ཞེས་པ་གསར་བཙུགས་བྱས་ནས་ས་གནས་ཡུ་གུར་མི་རིགས་ཀྱི་དུར་འཇུག་སྲོལ་རྒྱུན་རྩ་གཏོར་གཏོང་གི་ཡོད་འདུག
ཤར་ཏུར་ཀིསྀ་ཐན་གྱི་ཡུལ་མི་ཚོ་ནི་ཁ་ཆེའི་ཆོས་ལུགས་པ་ཡིན་སྟབས། འདས་གྲོངས་སུ་ཕྱིན་པའི་མིའི་ཕུང་པོ་ས་འོག་སྦས་པ་ལས་མེར་བསྲེག་བྱ་སྲོལ་མེད་པ་རེད། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཝི་གུར་སྐད་ཡིག་སྡེ་ཚན་ལ་གནས་ཚུལ་འགྲེལ་བརྗོད་གནང་མཁན་ཞིག་གིས་བརྗོད་པར་ལྟར་ན། ཡུ་གུར་མི་རིགས་ཀྱི་སྲོལ་རྒྱུན་དུ་ནང་མི་འདས་གྲོངས་སུ་ཕྱིན་པའི་རྗེས། ཕུང་པོ་དེ་བཞིན་ས་གནས་དེའི་ཆོས་དཔོན་སོགས་ཀྱིས་སྨོན་ལམ་དང་། འཁྲུས་སུ་ཞུགས་རྗེས་ས་འོག་དུ་སྦས་ཀྱི་ཡོད་པ་དང་། ལུགས་སྲོལ་དེ་ནི་འདས་པའི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གི་ཡུ་གུར་མི་རིགས་ཚོའི་སྲོལ་རྒྱུན་རིག་གནས་ཞིག་ཆགས་ཡོད། ད་ཆ་རྒྱ་ནག་གཞུང་གིས་ས་གནས་ཡུ་གུར་མི་རིགས་འདས་གྲོངས་སུ་ཕྱིན་པ་ཚོའི་ཕུང་པོ་གཅིག་གྱུར་དོ་དམ་བསྟི་གནས་ཁང་དེར་བསྐྱལ་ནས་མེར་སྲེག་གཏོང་གི་ཡོད་པ་ནི་ས་གནས་མི་མང་ཚོའི་སེམས་ཚོར་ལ་གནོད་ཚབས་ཆེན་པོ་བཟོས་པ་མ་ཟད། ཡུ་གུར་མི་རིགས་ཀྱི་རིག་གནས་ཡུལ་སྲོལ་ལ་ཡང་གནོད་འཚེ་ཆེན་པོ་ཞིག་ཡིན་པ་བརྗོད་འདུག་ལ།  ཡང་གནས་ཚུལ་ངོ་སྤྲོད་གནང་མཁན་དེས། གཞུང་ཕྱོགས་ནས་ཕུང་པོ་སྦས་ལས་དོ་དམ་བསྟི་གནས་ཟེར་བ་གསར་བཙུགས་བྱེད་པ་དེ་ནི་གཙོ་བོ་ས་གནས་ཡུ་གུར་མི་རིགས་ཚོས་ཤིན་པོའི་ཕུང་པོ་དུར་སར་མ་སྦས་སྔོན་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་གྱི་ཡོད་པ་དེ་མེད་པ་བཟོ་ཐབས་ཡིན་པའི་སྐོར་སོགས་བརྗོད་ཡོད་འདུག ཤིན་ཅང་ས་གནས་ནང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཚོའི་ཐོག་བསམ་བློའི་སློབ་གསོ་དོན་ཚན་བཞི་ལག་བསྟར་བྱ་རྒྱུ་རྒྱུན་དུ་ནས་ས་གནས་དཔོན་རིགས་ཚོས་ནན་བརྗོད་བྱེད་བཞིན་ཡོད་ཅིང་། དེ་དག་ནང་རྒྱ་ནག་གིས་བརྗོད་པའི་ཆོས་ལུགས་དྲིལ་བསྒྲགས་ཤུགས་སྣོན་རྒྱབ་རྒྱུ་དང་། ས་གནས་མི་མང་ཚོས་རང་སྐྱོན་རང་བརྗོད་བྱ་རྒྱུའི་བྱ་སྤྱོད་ལ་སྐུལ་མ་གཏོང་རྒྱུ།  ཆོས་ལུགས་ཐལ་བསྐྱོད་ཅན་ལ་ངོ་རྒོལ་བྱ་རྒྱུ། གུང་ཁྲན་ཚོགས་པར་དགའ་ཞེན་བྱ་རྒྱུ་བཅས་ཡིན་པ་དང་། རྒྱ་ནག་གཞུང་གིས་གོང་ཞུས་དོན་ཚན་དེ་དག་བརྒྱུད་ཤིན་ཅང་ས་གནས་ནང་བསམ་བློའི་སློབ་གསོ་དོ་དམ་ཁང་ཞེས་པ་མང་པོ་བཙུགས་ནས་ཡུ་གུར་མི་རིགས་དང་ལྷག་པར་དུ་གཞོན་སྐྱེས་ཚོ་དེའི་ནང་བཅུག་ནས་རྒྱ་ནག་གཞུང་གི་ལྟ་བ་ལངས་ཕྱོགས་ཐད་བསམ་བློའི་སློབ་གསོ་སྤེལ་ཐབས་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎