བཟའ་ཟླའི་གནས་སྟངས་བཀོད་པར་དྲ་འབྲེལ་བཅད་འདུག


2014.08.19
Hadaཡི་བཟའ་ཟླ་Xinna Hadaཡི་བཟའ་ཟླ་Xinna
Xinna

Xinnaཡིས་ཁོང་གི་བཟའ་ཟླའི་གནས་སྟངས་ཕྱི་རྒྱལ་གྱི་དྲ་རྒྱའི་ཐོག་བཀོད་སྤེལ་པར་རྒྱ་ནག་གིས་དྲ་འབྲེལ་བཅད་འདུག
དེ་ཡང་ཕྱི་ཟླ་བརྒྱད་པའི་ཚེས་༡༨ཉིན་Hadaཡི་བཟའ་ཟླ་Xinna ཡིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་ཁང་ལ་ཡི་གེ་ཞིག་བསྐུར་བའི་ནང། ལོ་ངོ་ལྔ་བཅུ་ལྔ་གྲངས་ཡིན་པའི་ཁོང་གི་བཟའ་ཟླ་Hadaཡིས་སོག་པོའི་མི་རིགས་ས་ཡ་དྲུག་ལ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་དགོས་པའི་ལས་འགུལ་སྤེལ་བའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཁོང་ལ་ཁ་བྲལ་རིང་ལུགས་པ་དང་། སོ་མྱུལ་གྱི་ནག་ཉེས་བཙུགས་ཏེ་༡༩༩༥ ལོར་འཛིན་བཟུང་བྱས་ཏེ་༢༠༡༠ལོའི་ཕྱི་ཟླ་༡༢པའི་ནང་གློད་བཀྲོལ་བཏང་ཡོད་ནའང་ཁོང་ལ་ཁྱིམ་ཚང་ནས་འགྲོ་འོང་གི་རང་དབང་མེད་པར་དོ་དམ་བྱེད་བཞིན་ཡོད་པར་བརྟེན་ནས། ཁོང་གི་ནང་མི་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་ཚོས། ཁོང་གི་སེམས་ཁམས་ཀྱི་ནད་གཞི་ཇེ་སྡུག་ཏུ་ཕྱིན་པ་དང་ཁོང་སྨན་བཅོས་བྱེད་དུ་གཏོང་གི་མེད་པའི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས། Hadaབཟང་བཙོན་དུ་དོ་དམ་བྱེད་དགོས་དོན་ནི། ཁོང་དང་ཁོང་གི་ནང་མིས་ཕྱི་ཕྱོགས་སུ་ཁོང་གི་གནས་སྟངས་སྐོར་སྐད་ཆ་བཤད་རྒྱུའམ་གནས་ཚུལ་མཁོ་སྤྲོད་བྱེད་མ་ཐུབ་པའི་ཆེད་དུ་ཡིན་པ་བཤད་ཀྱི་ཡོད་ནའང། ཁོང་གི་བཟའ་ཟླ་Xinna ནས་ནང་སོག་གི་རྒྱལ་ས་Hohhot ཡི་ཉེན་རྟོག་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་ཁོང་གི་བཟའ་ཟླའི་གནས་ཚུལ་ཞིག་བཀོད་སྤེལ་བྱས་པའི་རྗེས་གཟའ་འཁོར་སྔོན་དེར་ཉེན་རྟོག་པ་ཁོང་གི་ཁྱིམ་དུ་ཡོང་སྟེ་འཛིན་བཟུང་བཀག་ཉར་བྱ་རྒྱུའི་འཇིགས་སྐུལ་བྱས་ཡོད་པའི་ཁར། ཕྱི་ཟླ་བརྒྱད་པའི་ཚེས་༡༥ཉིན་རྒྱ་ནག་གཞུང་གི་གསང་བའི་ལས་བྱེད་པ་ཡོང་སྟེ་ཁོང་གིས། ཕྱི་རྒྱལ་གྱི་དྲ་རྒྱའི་ཐོག་ལ་ཁོང་གི་བཟའ་ཟླའི་གནས་ཚུལ་བཀོད་སྤེལ་བྱས་ཏེ་རྒྱ་ནག་གི་ཁྲིམས་ལུགས་དང་འགལ་འཛོལ་བྱེད་ཀྱི་ཡོད་པའི་ཉེན་བརྡ་བཏང་ཡོད་པའི་སྐོར་དང། ཡང་ཕྱི་ཟླ་བརྒྱད་པའི་ཚེས་༡༧རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་ཁོང་གི་ཁ་པར་དང་དྲ་རྒྱའི་དངུལ་སྤྲད་མེད་ཚུལ་བཤད་ནས་ཁོང་གི་ཁ་པར་དང་དྲ་རྒྱ་བེད་སྤྱོད་གཏོང་རྒྱུ་མེད་པ་བཟོས་ཡོད་པ་མ་ཟད། ཁོང་གི་བཟའ་ཟླ་Hadaབཙོན་བཀྲོལ་ཐོབ་ནས་བཟང་བཙོན་དུ་དོ་དམ་བྱས་པ་ནས་བཟུང་ཁོང་མ་བུ་གཉིས་ལའང་རྒྱ་ནག་གཞུང་གིས་བསུན་གཙེར་བཟོས་ཏེ་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་བརྟེན་ནས་ཁོང་གི་ནང་མི་ཚོའི་ཡ་ང་བའི་གནས་སྟངས་དེ་དག་རྒྱལ་སྤྱིའི་ཐོག་ནས་དོ་སྣང་དང་གདུང་སེམས་མཉམ་བསྐྱེད་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པའི་སྐོར་བྲིས་ཡོད་པ་རེད།   

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎