ཞེ་ཅིན་ཕེན་དང་ཊོམཕུ་གཉིས་ཐེངས་དང་པོར་ཁ་པར་ནས་མཇལ་བ།
ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཌོ་ནལཌ་ཏོམཕུ་དང་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཁ་པར་བརྒྱུད་བཀའ་མོལ་གནང་འདུག
-
2016-11-14 -
-
-
ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཌོ་ནལཌ་ཏོམཕུ་དང་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཁ་པར་བརྒྱུད་བཀའ་མོལ་གནང་འདུག
དེ་ཡང་Reuter་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཚེས་༡༤་ཉིན་ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཌོ་ནལཌ་ཏོམཕུ་Donald Trumpམཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་བར་ཁ་པར་བརྒྱུད་ཐེངས་དང་པོར་བཀའ་མོལ་བྱུང་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨ་རིའི་སྲིད་འཛིན་འོས་ཐོབ་པ་ སྐུ་ཞབས་ཌོ་ནལཌ་ཊོམཕུ་མཆོག་ལ་འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་ཆེ་ཤོས་ཡུལ་གྲུ་གཉིས་བར་མཉམ་ལས་བྱ་རྒྱུ་ནི་འབྲེལ་ལམ་ཀྱི་འདམ་ཀ་ཁོ་ན་དེ་རེད་ཅེས་བརྗོད་ཡོད་པ་དང་། དེ་བཞིན་སྐུ་ཞབས་ཌོ་ནལཌ་ཊོམཕུ་མཆོག་གིས་ཕྱོགས་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་བརྩི་བཀུར་གྱི་རྣམ་པ་གསལ་པོ་བཏོན་ཡོད་འདུག
ཡང་Reuter་གསར་ཁང་གིས་རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་གནས་ཚུལ་ལུང་འདྲེན་བྱས་པའི་ནང་། ཞེ་ཅིན་ཕེན་དང་ཊོམཕུ་གཉིས་ཀས་རྒྱལ་ཁབ་ཕན་ཚུན་བར་ཀྱི་འབྲེལ་མཐུད་ཐག་ཉེའི་སྒོ་ནས་རྒྱུན་འཁྱོངས་གནང་རྒྱུ་དང་། མགྱོགས་པོར་མཇལ་འཕྲད་བྱ་རྒྱུ་ཡིན་པ་མོས་མཐུན་བྱས་ཡོད་ལུགས་འཁོད་འདུག
ཨ་རིའི་སྲིད་འཛིན་འོས་ཐོབ་པ་ཊོམཕུ་མཆོག་གིས་སྲིད་འཛིན་འོས་བསྡུའི་བརྒྱུད་རིམ་ཁྲོད་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་ཅིང་། དེ་ཡང་ཁོང་གིས་ཨ་རིའི་མི་དམངས་ཚོ་ལས་ཀ་ཤོར་དོན་ཀྱི་གནད་དོན་དེ་ནི་རྒྱ་ནག་ལ་ཐུག་ཡོད་ལུགས་དང་། རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བྱེད་པའི་སྐབས་ཁྲལ་བརྒྱ་ཆ་༤༥་ལེན་དགོས་པའི་བསམ་ཚུལ་བཏོན་པ། དེ་བཞིན་ཊོམཕུ་ཁོང་སྲིད་འཛིན་གྱི་ལས་ཁུར་ཉིན་དང་པོར་རྒྱ་ནག་ནི་དངུལ་ལོ་གཡོ་སྒྱུར་གྱི་སྒོ་ནས་སྟངས་འཛིན་བྱེད་མཁན་དེ་རེད་ཅེས་བརྗོད་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད།
རྒྱ་ནག་གི་ཕྱོགས་ནས་རྒྱལ་ནང་གི་སྲིད་བྱུས་བཅོས་བསྒྱུར་ལ་དཀའ་ཁག་དང་། ༢༠༡༧་ལོར་ཞེ་གཡས་གཡོན་གྱི་འགོ་ཁྲིད་བསྐྱར་སྒྲིག་བྱེད་དགོས་པ། དེ་བཞིན་དཔལ་འབྱོར་ཀྱི་འཕེལ་རྒྱས་དལ་བུ་འགྲོ་བཞིན་པ་དང་བསྟུན། ཊོམཕུ་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་པ་དེས་ཨ་རྒྱ་ཕན་ཚུན་གཉིས་ཀྱི་འབྲེལ་ལམ་ལ་ཚོད་དཔག་མི་ཐུབ་པའི་གནས་སྟངས་ཞིག་ཆགས་ཡོད་སྟབས། རྒྱ་ནག་གིས་ཨ་རྒྱ་ཕན་ཚུན་འབྲེལ་ལམ་བརྟན་པོ་གནས་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་གུ་རུ་ཆོས་སྐྱིད།