ཉམས་ཞིབ་པ་དང་གནད་དོན་དབྱེ་ཞིབ་པས་ཞི་ཅིན་ཕིང་གློ་བུར་ལྷ་སར་འབྱོར་བ་ནི་དོགས་དྲིའི་རང་བཞིན་ཞིག་རེད་ལ་འཁྲབ་སྟོན་ཡང་རེད་ཟེར།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཕྱི་ཚེས་༢༢་ཉིན་ལྷ་སར་འབྱོར་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྙན་ཐུང་ལག་འབྱོར་བྱུང་བ་དང་། དེ་བཞིན་སྤྱི་ཚོགས་དྲ་ལམ་ཐོག་ཐོན་དང་ཐོན་བཞིན་པའི་བརྙན་དང་འདྲ་པར་ཁག་གི་ནང་། ཞི་ཅིན་ཕིང་ལྷ་སའི་བར་བསྐོར་དུ་བསྐྱོད་བཞིན་པ་མཐོང་རྒྱུ་འདུག་ལ། བོད་ནས་འདི་གར་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན། རྒྱ་ནག་གི་སྲིད་འཛིན་བོད་ཀྱི་རྒྱལ་ས་ལྷ་སར་མ་འབྱོར་སྔོན་ཀོང་པོར་ལྟ་སྐོར་དུ་བསྐྱོད་འདུག
བོད་གནས་ཉམས་ཞིབ་པ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ཞི་ཅིན་ཕིང་གློ་བུར་དང་ཆེས་གསང་རྒྱ་དམ་པོའི་འོག་ལྷ་སར་སླེབས་པ་དེ་ནི་དོགས་དྲིའི་རང་བཞིན་ཞིག་ཡིན་པ་དང་། ཡང་ཕྱོགས་གཞན་ཞིག་ནས་བོད་ནང་གི་བོད་མི་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་བོད་མིའི་བདེ་སྡུག་ལ་དོ་འཁུར་ཡོད་མདོག་གི་རྣམ་འགྱུར་སྟོན་ཐབས་ཤིག་ཡིན་པ་བརྗོད་བཞིན་ཡོད་པ་རེད།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ། ནོར་སྡེ།