རྒྱ་དཀར་ནག་གཉིས་བར་ས་མཚམས་དཀའ་རྙོག་འགྲིག་ཐབས་ལ་མོས་མཐུན་བྱུང་འདུག


2018.04.28
རྒྱ་དཀར་ནག་གཉིས་བར་ས་མཚམས་དཀའ་རྙོག་འགྲིག་ཐབས་ལ་མོས་མཐུན་བྱུང་འདུག རྒྱ་གར་གྱི་སྲིད་བློན་ ན་རེན་དྲ་མོ་ལྡི མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཝུའུ་ཧན་གྲོང་ཁྱེར་དུ་མཇལ་འཕྲད་གནང་ཡོད་པ།
ཨེ་ཨེཕ་པི།

༄༅། །རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་ ན་རེན་དྲ་མོ་ལྡི(Narendra Modi) རྣམ་གཉིས་མཇལ་འཛོམས་གནང་སྟེ་ཕྱོགས་གཉིས་དབར་གྱི་ས་མཚམས་དཀའ་རྙོག་འགྲིག་ཐབས་གནང་རྒྱུར་མོས་མཐུན་གནང་འདུག རྒྱ་གར་གྱི་སྲིད་བློན་མཆོག་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་དུ་ཕྱོགས་ཕེབས་གནང་སྟེ་ཉིན་གྲངས་གཉིས་རིང་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཛོམས་ཀྱིས་བཀའ་བསྡུར་ལྷུགས་པོར་གནང་ཡོད་ཅིང་།    ཕྱོགས་གཉིས་དབར་འབྲོག་ལམ་ས་གནས་སུ་རྒྱ་ནག་གི་གཞུང་ལམ་གསར་རྒྱག་གི་གནད་དོན་ཛ་དྲག་ཏུ་གྱུར་ཏེ་དམག་འཐབ་འབྱུང་ཉེན་བྱུང་ཡོད་པའི་ཉམས་མྱོང་གཞི་ལ་བཅོལ་ཏེ། འབྱུང་འགྱུར་དེ་ལྟར་མི་འབྱུང་བའི་ཆེད་དུ་ཕྱོགས་གཉིས་ཀས་ས་མཚམས་སྲུང་སྐྱོབ་དམག་མིར་ཕན་ཚུན་འབྲེལ་ལམ་གཏིང་ཟབ་ཏུ་བཏང་བ་བརྒྱུད་ཡིད་ཆེས་དང་གོ་རྟོག་ཆེ་རུ་གཏོང་དགོས་པའི་བཀོད་ཁྱབ་འབྲེལ་ཡོད་སོ་སོར་བཏང་འདུག རྒྱ་གར་གྱི་ཕྱོགས་ནས་རྒྱ་ནག་གི་རྒྱུད་ལམ་གྱི་ལས་གཞི་ཆེན་པོ་དེའི་འོག་ཁྱིམ་མཚེས་རྒྱལ་ཁབ་པ་ཀིས྄་ཐན(Pakistan) མཉམ་དུ་མཚོ་ཁའི་གྲུ་ཁ་གསར་རྒྱག་དང་རྒྱ་གར་ཆ་ཤས་ཡིན་པར་འདོད་པའི་ ཁབ་པ་ཀིས྄་ཐན (Pakistan) གྱི་དབང་འོག་ཏུ་ཡོད་པའི་ཀཤ་མིར(Kashmir) ས་གནས་བརྒྱུད་གཞུང་ལམ་གསར་རྒྱག་བྱས་དང་བྱེད་བཞིན་པར་རྒྱ་གར་གྱིས་བློ་འཚབ་ཡོད་པ་གསལ་བཤད་གནང་ཡོད་པ་རེད། ཡང་རྒྱ་དཀར་ནག་གཉིས་དབར་དཔལ་འབྱོར་འབྲེལ་བ་སྔར་ལྷག་གཞི་རྒྱ་ཆེ་རུ་གཏོང་ཕྱོགས་དང་། འཇིགས་སྐུལ་དྲག་སྤྱོད་པའི་གནད་དོན་སྐོར་གྲོས་མོལ་ལྷུགས་པོར་གནང་ཡོད་པ་རེད། དབུ་ཁྲིད་རྣམ་གཉིས་རེས་གཟའ་པ་སངས་ཉིན་མཇལ་འཛོམས་བཀའ་བསྡུར་གྲུབ་རྗེས་འགྲེམས་སྟོན་ཁང་ལ་གཟིགས་བསྐོར་དང་།    དགོང་དྲོའི་གསོལ་སྟོན་བཤམས་འདུག རེས་གཟའ་སྤེན་པའི་སྔ་དྲོ་དབུ་ཁྲིད་རྣམ་གཉིས་ཝུའུ་ཧན་གྲོང་ཁྱེར་དུ་སྤྲོ་འཆམ་དང་མཚོ་ཐོག་ཏུ་གྲུ་བཏང་བ་སོགས་གནང་རྗེས་ཉིན་གུང་གསོལ་ཚིགས་འདེགས་འབུལ་གནང་བ་སོགས་མཉམ་སྦྲེལ་གྱི་རྣམ་པ་བསྟན་ནས་རང་གནས་སོ་སོར་ཕྱིར་ཕེབས་གནང་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎