ཨོསུ་ཀྲེར་ལི་ཡའི་ཝའ་གྷའ་གྲོང་ཁྱེར་གྱིས་རྒྱ་ནག་དང་སྤུན་སྲིང་གི་འབྲེལ་བ་གཅོད་རྒྱུ་ཡིན་ཟེར།


2020.04.16
རྒྱ་ནག་ཝུའུ་ཧན་ནང་གི་སྨན་རྫས་ཐོན་སྐྱེད་ཁང་ཞིག་གི་ནང་། ༢༠༢༠།༤།༡༢ རྒྱ་ནག་ཝུའུ་ཧན་ནང་གི་སྨན་རྫས་ཐོན་སྐྱེད་ཁང་ཞིག་གི་ནང་། ༢༠༢༠།༤།༡༢
AP

ད་རེས་ཏོག་དབྱིབས་ནད་ཡམས་གྱི་གོད་ཆགས་བྱུང་བ་ཚང་མ་རྒྱ་ནག་དམར་ཤོག་ཚོགས་པར་འགན་ཡོད་པ་ཨོསུ་ཀྲེར་ལི་ཡའི་(WaggaWagga)་གྲོང་སྡེ་ལས་ཁུངས་ཀྱིས་སྐྱོན་བརྗོད་བྱས་འདུག
ཨོསུ་ཀྲེར་ལི་ཡའི་(WaggaWagga)་གྲོང་སྡེ་ལས་ཁུངས་ཀྱིས་རྒྱ་ནག་གི་ཁོན་མེན་(Kuming)་གྲོང་ཁྱེར་དང་སྤུན་སྲིང་གི་འབྲེལ་བ་བཅད་པ་མ་ཟད། ད་རེས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ལ་བརྟེན་ནས་མི་མང་པོ་འདས་གྲོངས་སུ་ཕྱིན་པ་དང་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་ཕོག་པའི་འགན་རྒྱ་ནག་དམར་ཤོག་ཚོགས་པར་ཡོད་པ་བརྗོད་འདུག
དེ་ཡང་གནས་ཚུལ་ལྟར་ན། ཨོསུ་ཀྲེར་ལི་ཡའི་(Australia)་གྲོང་ཁྱེར་ཆེ་གྲས་(Wagga Wagga)་ཡི་གྲོང་སྡེ་ལས་ཁུངས་ཀྱི་དཔོན་རིགས་རྣམས་ཀྱིས། འདི་ཚེས་༡༤་གཟའ་མིག་དམར་ཉིན། གྲོང་ཁྱེར་དེས་ཕྱི་ལོ་༡༩༨༨་ལོར་རྒྱ་ནག་གི་གྲོང་ཁྱེར་ཁོན་མེན་དང་སྤུན་གྲོགས་ཀྱི་འབྲེལ་བ་བཙུགས་པ་དེ་གཅོད་རྒྱུར་མང་མོས་འོས་ཤོག་འཕངས་འདུག གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་(Paul Funnell)་ལགས་ཀྱིས་རྫུན་བཤད་རྒྱུ་དང་གཡོ་སྒྱུ་འཁྲབ་རྒྱུ། སྦས་གསང་ལ་དགའ་བའི་རྒྱ་ནག་དམར་པོའི་གཞུང་འཛིན་གྱིས་ད་རེས་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་གདལ་དུ་བཏང་བར་བརྟེན་ནས། འཛམ་གླིང་ཁྱོན་ཡོངས་སུ་མི་མང་པོ་འདས་གྲོངས་སུ་ཕྱིན་པ་དང་། དཔལ་འབྱོར་ལ་གྱོང་གུད་ཚབས་ཆེན་པོ་བཏང་ཡོད་སྐོར་གསུངས་པ་དང་། ཁོང་ཚོའི་གྲོང་སྡེ་ལྷན་ཁང་གིས་རྒྱ་ནག་དམར་པོའི་གཞུང་འཛིན་དེ་དང་འབྲེལ་བ་བྱ་རྒྱུ་མེད་སྐོར་ཡང་གསུངས་འདུག
དེའི་ཐད་ས་གནས་དེར་གནས་སྡོད་པ་(Wes Fang)་ཡིས། ཐག་གཅོད་དེ་ནི་ཞེད་སྣང་དང་དངངས་ཚབས་ཆེ་བའི་ཐག་གཅོད་གཅིག་ཡིན་ལུགས་དང་། དེ་ནི་མི་རིགས་དབྱེ་འབྱེད་བྱས་པ་ཞིག་ཡིན་ལུགས་སྐྱོན་བརྗོད་བྱས་བར། གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་(Paul Funnell)་ལགས་ཀྱིས་དེ་ནི་མི་རིགས་ཀྱི་སྐོར་མ་རེད་ལ་རྒྱ་མི་རིགས་ཀྱི་སྐོར་ལ་ཡང་མ་རེད། ང་ཚོས་རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པའི་བྱ་སྤྱོད་སྐོར་ལ་བཤད་བཞིན་ཡོད་ཅེས་ལན་འདེབས་གནང་མ་ཟད། ད་དུང་ད་རེས་ཀྱི་ཐག་གཅོད་དེས་ཨོསུ་ཀྲེར་ལི་ཡའི་ནང་གི་རྒྱ་མི་རིགས་ཚོར་ལྟ་ཚུལ་ཡག་ཏུ་འགྲོ་རྒྱུ་ཡིན་ལུགས་དང་། ང་ཚོས་རྒྱ་ནག་གི་ཁོན་མེན་གྲོང་ཁྱེར་དང་རྒྱ་ནག་དམར་པོའི་གཞུང་འཛིན་གཉིས་ཁག་སོ་སོར་དབྱེ་བ་ཕྱེ་དགོས་པ་དེ་གལ་ཆེན་པོ་ཡིན་ལུགས་ཀྱང་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎