རྔ་བ་ཁུལ་དུ་ཏོག་དབྱིབས་ནད་འབུ་འགོས་ཡོད་པའི་ནད་པ་ཐོག་མ་བྱུང་།


2020.01.30
བོད་ནང་གཞོན་སྐྱེས་ཞིག་གིས་རིན་མེད་ཁ་རས་དཀྲམ་བཞིན་པ། ༢༠༢༠།༡།༢༩ བོད་ནང་གཞོན་སྐྱེས་ཞིག་གིས་རིན་མེད་ཁ་རས་དཀྲམ་བཞིན་པ། ༢༠༢༠།༡།༢༩
བོད་འབྱོར།

རྔ་བ་རང་སྐྱོང་ཁུལ་དུ་ཏོག་དབྱིབས་ནད་འབུ་འགོས་ཡོད་པའི་ནད་པ་ཐོག་མ་བྱུང་བ་གཏན་འཁེལ་བྱས་འདུག
རྒྱ་ནག་གི་གསར་ལམ་ཁག་གི་གསར་ཐོན་གནས་ཚུལ་ལྟར་ན། རྒྱ་ནག་གིས་བརྗོད་བཞིན་པའི་རྔ་བ་བོད་རིགས་དང་ཆང་རིགས་རང་སྐྱོང་ཁུལ་དུ་ཏོག་དབྱིབས་ནད་འབུ་འགོས་ཡོད་པའི་ནད་པ་ཐོག་མ་བྱུང་བ་གཏན་འཁེལ་བྱས་བ་དང་། ནད་པ་དེ་ཟླ་༡ཚེས་༢༡་ཉིན་རྒྱ་ནག་ཧན་ཁོའུ་ནས་མེ་འཁོར་དུ་བསྡད་ནས་ཁྲིན་ཏུའུ་བརྒྱུད་ཚེས་༢༢་ཉིན་རྔ་བའི་འབར་ཁམས་སུ་འབྱོར་འདུག
ད་ལྟའི་ཆར་ནད་པ་དེ་གཏན་འཁེལ་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ནད་པ་དེ་དང་འབྲེལ་འདྲིས་ཉེ་བོ་བྱུང་བའི་མི་རྣམས་ལ་ལྟ་ཞིབ་བྱེད་བཞིན་ཡོད་འདུག
ནད་པ་དེའི་མིང་ཀུའོ་ཆེ་གེ་མོ་དང་རང་ལོ་ན་༢༦སོན་པའི་བུད་མེད་ཞིག་ཡིན་འདུག ཁོ་མོ་ནི་རྒྱ་ནག་ཧུའུ་པེ་ཞིང་ཆེན་ཨན་ལུའུ་གྲོང་ཁྱེར་ནས་ཡིན་འདུག
འདི་ཚེས་༣༠་ཉིན་བར་གྱི་གནས་ཚུལ་ལྟར་ན། རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་ཕོག་པའི་ནད་པའི་གྲངས་འབོར་༨༢༣༥་དང་། ནད་དེའི་རྐྱེན་གྱིས་གྲོངས་མཁན་གྱི་གྲངས་འབོར་༡༧༡་བར་འཕར་ནས་ནད་འབུ་ཁྱབ་ཚད་ཀྱི་གནས་སྟངས་ཛ་དྲག་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎