ཨི་ཇིབ་ཡེ་ཤུའི་ལྷ་ཁང་ལ་དྲག་སྤྱོད་པས་གཏོར་རྒོལ་བཏང་བ།
2011.01.02
༄༅༎ཨི་ཇིབ་གཞུང་གིས་ཕྱི་ལོ་གསར་ཚེས་ཉིན་གྲོང་ཁྱེར་ཨེ་ལེཀ་ཛེན་དྲེ་རི་ཡ་ནང་ཡེ་ཤུའི་ལྷ་ཁང་ལ་གཏོར་རྒོལ་གཏོང་མཁན་ཡིན་པར་དྭོགས་གཞི་བྱེད་བཞིན་པའི་མི་བཅུ་བདུན་ཙམ་འཛིན་བཟུང་བྱས་ཡོད་འདུག
དྲག་སྤྱོད་པས་ཕྱི་ལོ་གསར་པ་བཞེད་དེ་ཆུ་ཚོད་ཕྱེད་ཀའི་རྗེས་ཡེ་ཤུའི་ལྷ་ཁང་གི་མདུན་མོ་ཊ་འབར་རྫས་ཐོགས་པ་ཞིག་འགས་གཏོར་བཏང་སྟེ་ལྷ་ཁང་ནང་ཕྱི་ལོ་གསར་ཚེས་ཀྱི་དགའ་སྟོན་ཆེད་འདུ་འཛོམས་ཡོད་པའི་ཡེ་ཤུའི་ཆོས་བྱེད་མི་གྲངས་༢༡གི་ཚེ་སྲོག་བཅད་ཡོད་པ་དང་མི་མང་པོ་ཞིག་ལ་རྨས་སྐྱོན་བཏང་ཡོད་པ་རེད་ རྒོལ་རྡུང་ཕོག་པའི་ཡེ་ཤུའི་ཆོས་བྱེད་པ་ཚོས་ཨེ་ལེཀ་ཛེན་ཌེ་རི་ཡ་གྲོང་ཁྱེར་གྱི་ཡེ་ཤུའི་ལྷ་ཁང་ད་གའི་ནང་ཁ་ས་རེས་གཟའ་ཉི་མའི་སྔ་དྲོའི་གསོལ་འདེབས་ལ་འདུ་འཛོམས་གནང་ཡོད་པ་དང་ཁོང་རྣམས་མང་པོ་ཞིག་གིས་སྡུག་ངལ་གྱི་མི་བཟོད་པར་ངུ་བ་དང་ཡང་ཁག་ཅིག་གིས་གཞུང་གིས་ཁོང་ཡི་ཤུའི་ཆོས་བྱེད་པ་ཚོར་སྲུང་སྐྱོབ་གང་ཡང་གནང་གི་མིན་འདུག་ཅེས་ཁོང་ཁྲོ་ཆེན་པོའི་ཐོག་ནས་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་ཞུ་བཞིན་ཡོད་པ་རེད་ ཡེ་ཤུའི་ལྷ་ཁང་འདིའི་ཆོས་དཔོན་མཱ་ཁར་གྱིས་རེས་གཟའ་ཉི་མའི་ཉིན་ཆོས་བཤད་གང་ཡང་གནང་མེད་ཅིང་ཁོང་གིས་ཆོས་བྱེད་པ་ཚོར་དཀོན་མཆོག་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་དགོས་པའི་སྐུལ་མ་གནང་ཡོད་པ་རེད་