གང་སར་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།


2019.05.03
རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་རྡ་རམ་ས་ལར་སྲུང་བརྩི། ༢༠༡༩།༥།༣ རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་རྡ་རམ་ས་ལར་སྲུང་བརྩི། ༢༠༡༩།༥།༣
RFA

འདས་བའི་ཕྱི་ལོ་༢༠༡༨ལོའི་ནང་འཛམ་གླིང་རྒྱལ་ཁབ་ཁག་གི་ནང་གསར་འགོད་པ་༩༥འི་ཚེ་སྲོག་ཤོར་ཡོད་པ་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ཀྱིས་གསལ་སྟོན་གནང་འདུག
དེ་ཡང་ལོ་རེའི་ཕྱི་ཟླ་༥པའི་ཚེས་༣གྱི་ཉིན་མོ་དེ་བཞིན་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོར་སྲུང་བརྩི་ཞུ་གི་ཡོད་པ་དང་། ། རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་(International Federation of Journalist)ཀྱིས་འདས་པའི་༢༠༡༨ལོའི་ནང་གསར་འགོད་པ་བཙོན་བཅུག་བྱེད་མཁན་རྒྱལ་ཁབ་སྡུག་ཤོས་ཁག་ཅིག་གི་མིང་འདོན་བྱས་པ་དེའི་ནང་ཏུར་ཀཱི་(Turkey)ཡིས། གསར་འགོད་པ་༦༨་བཙོན་བཅུག་བྱས་ཡོད་པ་བརྗོད་ཡོད་ཅིང་། ། དེའི་རྗེས་རྒྱ་ནག་གཞུང་གིས་འདས་པའི་ལོའི་ནང་། གསར་འགོད་པ་༤༧་བཙོན་བཅུག་བྱས་ཡོད་པ་བཀོད་འདུག་ལ། ཡང་འདས་པའི་ལོ་དེའི་ནང་འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ཁྱོན་གསར་འགོད་པ་༩༥འི་ཚེ་སྲོག་ཤོར་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད།
༢༠༡༩ འི་ལོ་འདི་ནི་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་ནང་སྲིད་གཞུང་གསར་འདེམས་ཀྱིས་རྒྱལ་ཡོངས་འོས་བསྡུ་གོ་སྒྲིག་བྱེད་པའི་དུས་ཚོད་ཅིག་ཡིན་པ་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་འདིའི་ནང་། དམངས་གཙོའི་སྤྱི་ཚོགས་ནང་གསར་འགོད་ཀྱི་ལས་དོན་དེ་ནི་གལ་འགངས་ཆེན་པོ་ཞིག་ཡིན་པ་གསལ་སྟོན་གཙོ་བཟུང་གནང་རྒྱུ་དང་།  རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་(Antonio Guterres)མཆོག་གིས་མཚན་ཐོག་ནས་སྤེལ་བའི་སྤྱི་བསྒྲགས་ཤིག་གི་ནང་།མང་ཚོགས་ལ། ཡིད་ཆེས་འཕེར་བའི་གནས་ཚུལ་ཕྱི་གསལ་ནང་གསལ་ཞིག་མཁོ་སྤྲོད་བྱེད་མཁན་མེད་ཚེ། དམངས་གཙོ་ཡང་དག་པ་ཞིག་ཡོང་ཐབས་མེད་པ་གསུངས་ཡོད་པ་རེད།
ཕྱི་ལོ་༢༠༡༨ལོའི་ནང་གསར་འགོད་པ་ཚེ་སྲོག་ཤོར་བའི་དོན་རྐྱེན་ཆེ་ཤོས་ལྟ་བུ་ནི སའོ་དྷི་ཨ་ར་སྦི་ཡ་(Saudi Arabia)གཞུང་གིས་རང་གི་སྲིད་གཞུང་ལ་སྐྱོན་བརྗོད་ཀྱིས་རྩོམ་བྲིས་སྤེལ་མཁན་ཨ་མི་རི་ཀའི་ནང་གནས་སྡོད་སའོ་དྷི་མི་སེར་(Saudi)གསར་འགོད་པ་ ལྗ་མཱལ་ཀ་ཤོ་ཇི་ (Jamal Khashoggi)སའོ་དྷི་ཨ་ར་སྦི་ཡའི་གཞུང་གི ་(Turkey)རྒྱལ་ཁབ་ནང་ཡོད་པའི་གཞུང་ཚབ་ནས་བསླུ་བྲིད་བྱས་པ་བརྒྱུད་མཐར་ཁོང་གི་སྐུ་སྲོག་བཅད་པའི་དོན་རྐྱེན་དེ་ཆགས་ཡོད་པ་དང་། འདིས་རྒྱལ་སྤྱིའི་ཐོག་སའོ་དྷི་ཨ་ར་སྦི་ཡའི་(Saudi Arabia)་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་ཞིག་ཕོག་དགོས་པ་བཟོས་ཡོད་པ་རེད།
རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོར་གསར་འགོད་པ་ཚོས་རྡ་རམ་ས་ལར་བོད་ནང་གི་གསར་འགོད་རང་དབང་དང་འགྲུལ་བསྐྱོད་བཀག་སྡོམ་ཞེས་པའི་བརྗོད་ཐོག་བགྲོ་གླེང་ཚོགས་གནང་ནས་ཉིན་མོ་སྲུང་བརྩི་གནང་སྐབས། བོད་ཀྱི་འགྲོ་བ་མའི་ཐོབ་ཐང་ཚོགས་པའི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། འདི་ལོའི་ཕྱི་ཟླ་ལྔ་པའི་ནང་པེ་ཅིང་གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་ཕྱིའི་གསར་འགོད་ལྷན་ཚོགས་ཀྱི་ཞིབ་འཇུག་སྙ་ཐོའི་ནང་། རྒྱ་གཞུང་གིས་བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་བྱ་རྒྱུར་བཀག་འགོག་དང་། བོད་ནང་གི་གསར་འགྱུར་འགོད་མཁན་ཚོར་དོགས་ཟོན་མྱུལ་ཞིབ་དང་འཇིགས་སྐུལ། སུན་གཙེར་བྱེད་མུས་ཡིན་པ་འཁོད་ཡོད་པ་འགྲེལ་བརྗོད་གནང་བ་དེས་གསར་འགོད་རང་དབང་ཐད་རྒྱ་ནག་གཞུང་གིས་དམ་དྲག་ཇི་ཙམ་བྱེད་པ་ཚོད་དཔག་ཐུབ་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎