ལྦི་ཀི་ལིཀ་དྲ་གནས་ནོ་བེལ་ཞི་བདེའི་འོས་གཞིར་མིང་བཏོན།

ལྦི་ཀི་ལིག་དྲ་རྒྱ་འདི་ནོར་ལྦེའི་གྲོས་ཚོགས་འཐུས་མི་ཞིག་གིས་༢༠༡༡གི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ཡུལ་གྱི་འོས་གཞིར་མིང་བཏོན།

༄༅༎ཉེ་ལམ་ཨ་རིའི་ཕྱི་འབྲེལ་གསང་གནས་ཡོངས་བསྒྲགས་བྱེད་མཁན་ལྦི་ཀི་ལིག་ཅེས་པའི་དྲ་རྒྱ་འདི་ནོར་ལྦེའི་གྲོས་ཚོགས་འཐུས་མི་ཞིག་གིས་༢༠༡༡གི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ཡུལ་གྱི་འོས་གཞིར་མིང་བཏོན་གནང་ཡོད་འདུག

ནོར་ལྦེ་ནང་གཡོན་ཐལ་ལྟ་བ་འཛིན་པའི་སྤྱི་ཚོགས་རིང་ལུགས་ཚོགས་པའི་འཐུས་མི་སིནོར་ལྦེ་ལེན་གྱིས་ ཁ་ས་རང་གི་Blogདོ་རའི་སྟེང་གནས་ཚུལ་ཁྱབ་སྤེལ་གནང་བའི་ནང་སྔ་ལོའི་ནོ་སྦེལ་ཞི་བདེའི་བྱ་དགའ་འདི་རྒྱ་ནག་ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་འཐབ་རྩོད་གནང་མཁན་ཞིག་ལ་གནང་ཡོད། དེ་མཚུངས་ལྦི་ཀི་ལིག་འདི་ནི་རྒྱལ་སྤྱིའི་ནང་ལྐོག་བཟའ་དང་དམག་དང་ མནར་གཅོད་སོགས་ཀྱི་གནད་དོན་ཕྱི་བསྒྲགས་ཀྱིས་ རྒྱལ་སྤྱིའི་ནང་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་དཔལ་ཡོན་ལ་འཐབ་རྩོད་བྱེད་མཁན་ཞིག་འགྱུར་ཡོད་ཅེས་བཀོད་ཡོད་པ་རེད། དེ་ཡང་ཁོང་གིས་དྲ་རྒྱ་འདིའི་བྱས་རྗེས་ཀྱི་ཁོངས་སུ་ཉེ་ལམ་དཀྱིལ་ཤར་ཁ་ཆེའི་རྒྱལ་ཁབ་ཀྲུ་ནི་ཤི་ཡ་ནང་མང་ཚོགས་ནས་སྲིད་འཛིན་སྦེན་ཨ་ལིས་འདས་པའིལོ་ངོ་༢༤་ཙམ་གྱི་མི་གཅིག་དབང་ཅན་ལ་ངོ་རྒོལ་སྒེར་ལངས་བྱུང་བ་འདི་ཉིད་ གཙོ་བོའི་འབྱུང་རྐྱེན་དྲ་རྒྱ་འདིས་སྲིད་འཛིན་སྦེན་ཨ་ལི་དང་ཁོང་གི་སྐུ་འཁོར་ཚོས་མི་ཚེ་རྒྱས་སྤྲོད་ཇི་ཙམ་ཆེན་པོ་བསྐྱེལ་བཞིན་པའི་གནས་ཚུལ་ཡོངས་བསྒྲགས་ཀྱི་རྗེས་སུ་མང་ཚོགས་རྨོངས་གཉིད་སད་ཐུབ་པ་བྱུང་ཡོད་སྐོར་བཀོད་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org