ནུབ་ཕྱོགས་ཡུལ་ཁག་གིས་འབར་མའི་འོས་བསྡུ་ངོས་ལེན་མི་བྱེད།

འབར་མའི་ནང་གི་རྒྱལ་ཡོངས་འོས་བསྡུའི་ལས་དོན་དེ་དྲག་པོའི་དཔུང་དམག་གི་སྲིད་དབང་མུ་མཐུད་འཛིན་རྒྱུའི་ངན་གཡོ་ཞིག་ལ་ངོས་འཛིན།

2010.11.08

༄༅༎ནུབ་ཕྱོགས་ཡུལ་ཁག་གིས་འབར་མའི་ནང་གི་རྒྱལ་ཡོངས་འོས་བསྡུའི་ལས་དོན་དེ་ཡུལ་དེའི་དྲག་པོའི་དཔུང་དམག་གི་སྲིད་དབང་མུ་མཐུད་འཛིན་རྒྱུའི་ངན་གཡོ་ཞིག་ལ་ངོས་འཛིན་གནང་ནས་སྐྱོན་བརྗོད་དྲག་པོ་གནང་ཡང་རྒྱ་ནག་གི་ངོས་ནས་ད་ཐེངས་ཀྱི་འབར་མའི་ནང་གི་འོས་བསྡུ་དེ་ཡར་རྒྱས་ཀྱི་རྣམ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད

ནུབ་ཕྱོགས་ཡུལ་ཁག་གི་དབུ་འཁྲིད་ཁོངས་ནས་གཙོ་བོ་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ད་ཐེངས་འབར་མའི་ཡུལ་ནང་གི་འོས་བསྡུ་དེ་རང་དབང་དང་དྲང་བདེན་ཐོག་བྱས་པ་ཞིག་རྩ་བ་མིན་ཅིང་ཡུལ་དེའི་དམངས་གཙོའི་དབུ་འཁྲིད་ལྕམ་ཨན་སན་སུ་ཆི་གཙོས་པའི་སྲིད་དོན་གྱི་བཙོན་པ་ཁག་གློད་དཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད

རྒྱ་ནག་གིས་ངོས་ནས་གཞུང་འབྲེལ་ཐོག་འབར་མའི་ནང་གི་ད་ཐེངས་ཀྱི་འོས་བསྡུ་དེའི་སྐོར་གླེང་མེད་ཀྱང་ཡུལ་དེའི་གཞུང་འབྲེལ་འཛམ་གླིང་དུས་བབ་ཅེས་པའི་གསར་ཤོག་དེས་འབར་མའི་ཡུལ་ནང་གི་འོས་བསྡུ་དེ་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་གོམ་སྤོས་ཤིག་དང་ཡུལ་དེའི་ཆབ་སྲིད་ཀྱི་ལམ་ལུགས་བཅོས་བསྒྱུར་གནང་རྒྱུའི་འཆར་གཞི་དེ་ཉིན་ཞག་གཅིག་ནང་ཡོང་རྒྱུ་མིན་སྐོར་གནས་ཚུལ་བཀོད་ཡོད་པ་རེད

ད་ཐེངས་འབར་མའི་ཡུལ་ནང་གི་འོས་བསྡུའི་གནས་ཚུལ་དེའི་ཐོག་ནུབ་ཕྱོགས་ཡུལ་ཁག་གི་དབུ་འཁྲིད་ཁག་དང་རྒྱ་ནག་གི་དགོངས་ཕྱོགས་ཧ་ཅང་གི་ཐ་དད་ཅིག་བྱུང་བཞིན་པའི་དུས་སྐབས་དེར་འབར་མའི་གཞུང་གི་དྲག་པོའི་དཔུང་དམག་དང་ཡུལ་དེའི་ཐའི་ལནདྲ་ཀྱི་ས་མཚམས་སུ་ཆགས་པའི་གྲངས་ཉུང་མི་རིགས་བར་ཐབས་རྫིང་གི་གནས་ཚུལ་བྱུང་ཡོད་པ་རེདད་ཐེངས་ཀྱི་འབར་མའི་འོས་བསྡུ་དེ་ཡུལ་དེའི་དྲག་པོའི་གཞུང་གིས་རྒྱབ་བསྐྱོར་བྱེད་པའི་Union Solidarity and Developmentཞེས་པའི་ཚོགས་པ་དེ་དང་National Unityཞེས་པའི་ཚོགས་པ་གཉིས་ལ་རྒྱལ་ཁ་ཐོབ་རྒྱུའི་དེ་སྔོན་ནས་ངན་བཤོམས་སྒྲིག་ཟིན་ཡོད་པ་རེད             འབར་མའི་ཕྱོགས་འགལ་ཚོགས་པ་གཙོ་བོ་དམངས་གཙོ་མནའ་འབྲེལ་ཚོགས་པས་འོས་དམིགས་གྲངས་༦༣ལས་བཏོན་གནང་མེད་པ་མ་ཟད་ཚོགས་པར་འོས་བསྡུའི་ནང་རྒྱལ་ཁ་ཐོབ་རྒྱུ་དེ་སྤྲོད་འབྲལ་གྱི་གནས་ཚུལ་ཞིག་ཆགས་ཡོད་པ་རེད། ད་ཐེངས་ཀྱི་འབར་མའི་ནང་གི་འོས་བསྡུ་དེ་ཡུལ་གྱི་གྲོས་ཚོགས་གོང་འོག་དང་མངའ་སྡེ་ཁག་གི་འཐུས་མི་གྲངས་༡༡༦༣གྱི་ཞབས་སྟེག་ཐོག་འོས་བསྡུ་གནང་ཡོད་པའི་གནས་ཚུལ་ཐོན་བཞ

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎