རུ་སྒྲིག་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་པ།


2013.05.19
ཨ་རིའི་རྒྱལ་ཝ་ཤིང་ཀྲོན་ཁུལ་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དུས་སྟོན་ནང་ས་གནས་བོད་མི་མཉམ་ཞུགས་གནང་བ།
བར་ཞི་བསྟན་འཛིན།

༄༅༎ཕྱི་ཟླ་༥ཚེས་༡༨རེས་གཟའ་སྤེན་པའི་ཉིན་ཨ་མེ་རི་ཀའི་རྒྱལ་སའི་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པས་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དང་སྟབས་བསྟུན་གྱིས་འདི་ལོའི་ཨེ་ཤེ་ཡའི་དུས་སྟོན་ནང་མཉམ་ཞུགས་གནང་འདུག
ཨ་རིའི་རྒྱལ་སའི་དབུས་གཞུང་གི་ལས་ཁུངས་ཀྱི་མདུན་ཐང་དུ་འདི་ལོའི་ཨེ་ཤེ་ཡའི་རིག་གཞུང་དུས་སྟོན་སྲུང་བརྩིའི་ནང་རྒྱལ་སའི་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པ་མཉམ་ཞུགས་ཀྱིས་ཨེ་ཤེ་ཡང་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་མི་རིགས་འདྲ་མིན་གྱི་གཞས་སྣ་འཁྲབ་སྟོན་དང་རུ་སྒྲིག་ནང་འཛུལ་ཞུགས་བྱས་ཡོད་པ་མ་ཟད་རྒྱ་རིགས་ཀྱི་ཚོགས་པ་ཞིག་དང་མཉམ་དུ་ཨང་དང་པོ་ལེན་འདུག་པར་བསྔགས་བར་བརྗོད་ཆེན་པོ་ཞུས་གནང་འདུག  ས་གནས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱི་རེས་གཟའ་ཉི་མའི་སློབ་གྲྭའི་སློབ་ཕྲུག་དང་། རྒྱལ་གཞས་རུ་ཁག  དེ་མིན་མི་མང་དོན་གཉེར་བ་ཁག་ཅིག་བཅས་ཀྱི་བོད་ཆས་སྤྲས་ནས་ཐོག་མར་རུ་སྒྲིག་དང་དེ་རྗེས་གཞན་སྣ་འཁྲབ་སྟོན་ནང་མཉམ་ཞུགས་ཀྱིས་སློབ་ཕྲུག་ཚོས་བྲོ་གཞས་དང་། རྒན་པ་ཚོས་རྒྱལ་གཞས་དང་དེ་མཚམས་འགོར་གཞས་བཅས་གཟིགས་འབུལ་ཞུས་པར་ཀུན་གྱི་དགའ་མོས་ཆེན་པོ་གནང་འདུག། རུ་སྒྲིག་སྐབས་ཚོགས་པའི་མིང་བྱང་འཁོད་པའི་འཕྲད་དར་མཚོན་ཅན་ཡིད་དུ་འོང་བ་ཞིག་ཆེད་མངགས་གསར་བཟོ་གནང་འདུག  སྤྱིར་སྟངས་ཨ་རིའི་ནང་མངའ་སྡེ་ཚང་མའི་ནང་ཕྱི་ལོ་༡༩༧༨ལོ་ནས་བཟུང་ལོ་ལྟར་ཕྱི་ཟླ་ལྔ་པའི་ནང་ཨེ་ཤེ་ཡའི་རིག་གཞུང་དུས་སྟོན་ (Asian Heritage Month) སྲུང་བརྩི་གནང་སྲོལ་ཡོད་པ་ལྟར་རྒྱལ་སའི་ཁུལ་ལོ་ཤས་གོང་ནས་དུས་སྟོན་སྲུང་བརྩི་དབུ་འཛུགས་ཀྱིས་བར་ལམ་ནས་ཕྱི་ཟླ་ལྔ་པ་ཆ་ཚང་རིང་དུས་སྟོན་སྲུང་བརྩི་གནང་བཞིན་པ་རེད།  ཨ་རིའི་རྒྱལ་སའི་ཁུལ་གྱི་བོད་མིའི་མཐུན་ཚོགས་དུས་སྟོན་འདིར་མཉམ་ཞུགས་བྱས་པ་ཐོག་མ་དེ་ཡིན་ཡང་ད་ནས་བཟུང་དོ་ལྟར་མཉམ་ཤུགས་གནང་རྒྱུ་ཡིན་ལུགས་མཐུན་ཚོགས་ཀྱི་རྒྱུན་ལས་པ་ཞིག་གིས་གསུངས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎