བོད་ཀྱི་གནམ་གཤིས་འགྱུར་ལྡོག་ཤིན་ཏུ་མྱུར་པོ་འགྲོ་བཞིན་པ།


2015.11.26
བལ་བོད་ས་མཚམས་སུ་ཡོད་པའི་རི་བོ་ཇོ་མོ་གླང་མའི་རི་རྒྱུད་། ༢༠༡༠།༡༠།༢༩ བལ་བོད་ས་མཚམས་སུ་ཡོད་པའི་རི་བོ་ཇོ་མོ་གླང་མའི་རི་རྒྱུད་། ༢༠༡༠།༡༠།༢༩
པར། ཀླུ་འབུམ།

མཐོ་སྒང་བོད་ཀྱི་གནམ་གཤིས་འགྱུར་ལྡོག་ཤིན་ཏུ་མྱུར་པོ་འགྲོ་བཞིན་པར་ཚན་རིག་པས་ཉེན་བརྡ་བཏང་འདུག    
དེ་ཡང་མཐོ་སྒང་བོད་ཀྱི་གནམ་གཤིས་འགྱུར་ལྡོག་ཤིན་ཏུ་མྱུར་པོ་འགྲོ་བཞིན་པའིོ་རྐྱེན་པས། བོད་ནང་གི་འཁྱགས་རོམ་ཧ་ཅང་མང་པོ་རྒུད་ཟད་དུ་འགྲོ་བཞིན་ཡོད་པ་དང༌།    དེའི་རྟགས་མཚན་གཅིག་ནི། རྒྱ་མཚོ་ནས་མཐོ་ཚད་མི་ཊར་༤༧༠༠་ཙམ་གྱི་སྟེང་ཡོད་པའི་བྱང་གནམ་མཚོའི་རྒྱ་ཁྱོན་ཇེ་ཆེར་འགྲོ་བཞིན་པ་ཡིན་པ་རེད།
བྱང་གནམ་མཚོ་ནི་གཙོ་བོ་འཁྱགས་རོམ་བཞུར་བའི་ཆུ་ལས་བྱུང་བའི་མཚོ་ཞིག་ཡིན་ཞིང་། འདས་པའི་ལོ་ངོ་སུམ་ཅུའི་རིང་བོད་ཀྱི་འཁྱགས་རོམ་བརྒྱ་ཆ་༡༥་ཙམ་བཞུར་ཡོད་སྟབས། བྱང་གནམ་མཚོའི་རྒྱ་ཁྱོན་ཡང་སྤྱི་ལེ་གྲུ་བཞི་མ་ལྔ་བཅུ་ཙམ་ཆེ་རུ་ཕྱིན་ཡོད་པ་མཚོ་བོད་ཚན་རིག་ཞིབ་འཇུག་གིས་སྙན་ཐོ་བཏོན་འདུག    
ལྷག་པར་དུ་གངས་རི་ཇོ་མོ་གླང་མའི་རི་རྒྱུད་དུ་འཁྱགས་རོམ་བཞུར་ཚད་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་མྱུར་དུ་ཕྱིན་ཡོད་ཅིང༌། ཕྱི་ལོ་༢༠༥༠་ཤར་མཚམས་སུ་མགོ་སྒང་བོད་ཀྱི་འཁྱགས་རོམ་གསུམ་ཆ་གཉིས་ཙམ་བཞུར་ངེས་པ་ཡིན་པ་རྒྱ་ནག་གི་ཚན་རིག་ཞིབ་འཇུག་ཁང་གི་སྙན་ཐོ་བཏོན་ཡོད་པ་རེད། མཐོ་སྒང་བོད་ཀྱི་འཁྱགས་རོམ་བཞུར་བའི་དབང་གིས་རྒྱ་དཀར་ནག་དང་འབྲུག Pakistan, Bangladeshབཅས་ཀྱི་ཡུལ་གྲུའི་ནང་གནས་པའི་མི་འབོར་ཐེར་འབུམ་གཉིས་ལ་རང་བཞིན་གྱི་འབྱུང་བའི་གོད་ཆགས་ཡོང་ངེས་པ་ཡིན་པ་རེད།

གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎