ཝང་ཞའོ་ཉིང་ལོ་བཅུའི་རྗེས་བཙོན་འགྲོལ་ཐོབ་འདུག

རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཝང་ཞའོ་ཉིང་རྒྱ་ནག་གཞུང་གིས་རྒྱལ་ཁབ་མགོ་སྟིང་སློག་རྩིས་བྱས་པའི་ཉེས་བཙུགས་བྱས་ནས་བཙོན་འཇུག་ལོ་བཅུ་བྱས་ནས་འདི་རིང་ཕྱི་ཚེས་༣༡ཉིན་བཙོན་འགྲོལ་ཐོབ་འདུག

2012.08.31

༄༅།  །ཝང་ཞའོ་ཉིང་གི་གཟའ་ཟླས་གནས་ཚུལ་འགྲེལ་བརྗོད་བྱས་དོན་ལྟར་ན།  ཝང་ཞའོ་ཉིང་པེ་ཅིན་བཙོན་ཁང་ཨང་གཉིས་པ་ནས་འདི་རིང་བཙོན་བཀྲོལ་བཏང་ཡོད་པ་དང་། ཕྱི་ཚུལ་ནས་ལྟས་ན། ཝང་ཞའོ་ཉིང་གི་ལུས་སེམས་གཉིས་ཀའི་གནས་སྟངས་ཡག་པོ་ཡོད་ཀྱང་།  ཉིན་ཤས་རྗེས་སྨན་ཁང་དུ་གཟུགས་གཞི་བརྟག་དཔྱད་སླད་བསྐྱོད་རྒྱུ་ཡིན་པ་བརྗོད་འདུག

ཝང་ཞའོ་ཉིང་གིས་༡༩༩༩ལོ་ནས་བཟུང་དྲ་རྒྱའི་ཐོག་རྩོམ་ཡིག་སྤེལ་ནས་ སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་མང་གཙོའི་ལམ་ལུགས་ཀྱི་ལངས་ཕྱོགས་དྲིལ་བསྒྲགས་བྱས་ཡོད་པས་མ་ཟད།  ལྐོག་ཟར་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་ཡོད་པ་དང་།   ཝང་ཞའོ་ཉིང་གིས་ yahoo དྲ་གནས་ཀྱི་དངུལ་སྤྲོད་མི་དགོས་པའི་དྲ་རྒྱའི་འཕྲིན་ལམ་བརྒྱུད་ནས་རྒྱ་ནག་ནང་མང་གཙོའི་ལམ་ལུགས་སྤེལ་རྒྱུར་རྒྱབ་སྐྱོར་གྱི་རྩོམ་ཡིག་སྤེལ་བའི་རྐྱེན་གྱིས་ཕྱི་ལོ་༢༠༠༢ཟླ་བ་༩ནང་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ནས།  ༢༠༠༣ལོར་རྒྱལ་ཁབ་ཀྱི་དབང་ཆ་མགོ་སྟིང་སློག་རྩིས་བྱས་པའི་ཉེས་བཙུགས་ཐོག བཙོན་འཇུག་ལོ་བཅུའི་ཁྲིམས་ཐག་བཅད་པ་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎