ཕག་པའི་རིམས་ནད་སྔོན་འགོག་གི་སྨན་ཞལ་འདེབས་འབོད་སྐུལ།

འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཕག་ནད་སྔོན་འགོག་གི་སྨན་ཞལ་འདེབས་རོགས་རམ་ཡོང་བའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།

༄༅༎རེས་གཟའ་སྤེན་པའི་ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཕག་པའི་རིམས་ནད་དེའི་སྔོན་འགོག་གི་སྨན་བཟོ་སྐྲུན་གནང་མཁན་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི་བཟོ་གྲྭ་ཚོར་རྒྱལ་ཁབ་སྐྱོ་བའི་མི་དམངས་ཚོར་སྔོན་འགོག་སྨན་ཞལ་འདེབས་རོགས་རམ་ཡོང་བའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།

དེ་ཡང་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་སྨན་པ་ཀེ་ཇི་ཕུ་ཀུ་ཌ་ཡིས་གསུང་དོན་ལ་ཁོང་གི་ལས་ཁུངས་ནས་ནུས་ཤུགས་ཡོད་ཚད་ཀྱིས་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་དང་ཕག་པའི་རིམས་ནད་སྔོན་འགོག་གི་སྨན་བཟོ་སྐྲུན་གནང་མཁན་བཟོ་གྲྭ་ཚོར་ཞལ་འདེབས་རོགས་རམ་ཡོང་བའི་རེ་སྐུལ་ཞུ་བཞིན་པ་མ་ཟད་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་ལྕམ་མའར་ག་རེཏ་ཁྲེན་གྱིས་སྔོན་འགོག་སྨན་བཟོ་སྐྲུན་བྱེད་མཁན་དང་ཐུག་འཕྲད་གནང་སྟེ་ཐད་ཀར་ཞལ་འདེབས་ཀྱི་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་ཡོད་ཀྱང་ད་ལྟ་བར་ཏུ་བཟོ་གྲྭ་གཉིས་ཀྱི་མ་གཏོགས་རོགས་རམ་ཁས་ལེན་བྱེད་མཁན་བྱུང་མེད་ཅིང་དེ་ནི་དབྱིན་ཇི་དང་ཕེ་རན་སི་སྨན་གྱི་བཟོ་གྲྭ་གཉིས་པོས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནང་ལ་ཕག་པའི་རིམས་ནད་ཀྱི་སྔོན་འགོག་གི་སྨན་ཐུན་ས་ཡ་བརྒྱ་དང་ལྔ་བཅུ་ཞལ་འདེབས་སྤྲོད་རྒྱུའི་ལྷན་ཁང་གིས་ཟླ་བ་འདིའི་ཕྱི་ཚེས་བཅུ་གསུམ་བར་ཕག་པའི་རིམས་ནད་དམ་འགོས་ནད་དེའི་འོག་འཛམ་གླིང་ནང་ནས་ནད་པ་ཆིག་སྟོང་བརྒྱད་བརྒྱ་རྐྱེན་ལམ་དུ་ཕྱིན་ཡོད་པའི་བསྡོམས་རྩིས་གསུངས་པ་དང་ད་ལྟའི་དུས་ཚོད་དེར་སྤྱིར་བཏང་གིས་ཕག་པའི་རིམས་ནད་དེ་ནི་ཞི་འཇམ་དུ་ཕྱིན་ཡོད་པ་དང་ནད་པ་མང་ཆེ་བ་དགོས་ངེས་ཀྱི་སྨན་བཅོས་མེད་པར་རང་བཞིན་དྲག་བསྐྱེད་ཕྱིན་པ་ཤ་སྟག་ཡིན་ཞིང་ཡིན་ནའང་འཛམ་གླིང་ནང་དུ་ཨེ་ཛི་འགོས་ནད་དང་དུག་སྦྲང་གི་སོ་རྒྱབ་པའི་དར་ཚད་ནད་གཞི་ཊི་སྦི་གློ་ནད་སོགས་འགོས་ནད་མང་པོས་མནར་བཞིན་པའི་རྒྱལ་ཁབ་ནང་དུ་ཕག་པའི་རིམས་ནད་དེ་ནི་གོད་ཆགས་སྣོན་མ་ཞིག་ཏུ་གྱུར་ཡོད་པའི་སྐོར་གསུངས་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org