གྷན་དྷི་དམ་པའི་བུ་ཚས་སྤྱི་འཐུས་གྲོས་ཚོཊ་སུ་གཟིགས་ཞིབ་གནང་བ།


2016.09.21
རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་ཡི་བུ་ཚ་Vivan Gandhi་དང་། ལྕམ་Kasturi Gandhi་རྣམ་གཉིས་སྤྱི་འཐུས་གྲོས་ཚོགས་སུ། ༢༠༡༦།༩།༢༡ རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་ཡི་བུ་ཚ་Vivan Gandhi་དང་། ལྕམ་Kasturi Gandhi་རྣམ་གཉིས་སྤྱི་འཐུས་གྲོས་ཚོགས་སུ། ༢༠༡༦།༩།༢༡
tibet.net

རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་ཡི་ནང་མི་གཙོས་སྐུ་མགྲོན་ཁག་ཅིག་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་འཚམས་གཟིགས་གནང་འདུག
རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་Mahatma Gandhi་མཆོག་གི་ནང་མི་གཙོས་པའི་སྐུ་མགྲོན་ཁག་ཅིག་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་འཚམས་གཟིགས་ཕེབས་ཡོད་འདུག
དེ་ཡང་རྒྱ་གར་གྱི་རང་བཙན་ལས་འགུལ་སྣེ་ཁྲིད་བ་མེས་པོ་དམ་པ་གྷན་དྷི་Mahatma Gandhi་མཆོག་གི་བུ་ཚ་སྐུ་ཞབས་Vivan Gandhi དང་། ལྕམ་Kasturi Gandhi་རྣམ་གཉིས་སྤྱི་ཚེས་༢༡་ཉིན་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་སུ་ཆེད་ཕེབས་ཀྱིས་ད་ལྟ་འགྲོ་བཞིན་པའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པར་གཟིགས་ཞིབ་གནང་ཡོད་འདུག
དེ་མིན་སྐབས་དེར་སྐུ་མགྲོན་དུ་སྦིར་ཛལ་ཡུལ་གྱི་Brazill Sao Paulo་སྨན་གྱི་སློབ་གྲྭ་ཞེས་པའི་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་Dr.Marcelo་དང་། ཁོང་གི་ལས་གྲོགས་སྨན་པ་ལྔས་ཀྱང་སྤྱི་འཐུས་གྲོས་ཚོགས་ཚོགས་བཞིན་པར་གཟིགས་ཞིབ་གནང་འདུག
བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་དྲུག་བའི་ཚོགས་དུས་གཉིས་པ་དེ་སྤྱི་ཚེས་༢༠་ནས་དབུ་འཛུགས་གནང་ཡོད་ཅིང་། ཉིན་གྲངས་དགུའི་རིང་གཙོ་བོ་ལྷན་ཁང་ཁག་གི་ལས་བསྡོམས་སྙན་སྒྲོན་དང་འབྲེལ་བའི་གྲོས་འཆར་གྲོས་ཆོད་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎