བལ་ཡུལ་གྲོས་ཚོགས་འཐུས་མི་ཁག་བཞུགས་སྒར་དུ་གཟིཌ་སྐོར།

བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་བོད་མིའི་གནད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་ལུགས་གསུངས་འདུག

2009.06.25

༄༅༎བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་བཞུགས་སྒར་ཁུལ་འཚམས་འདྲིར་གཟིགས་བསྐོར་ཕེབས་པ་རྣམས་ནས་བོད་མིའི་གནད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་ལུགས་གསུངས་འདུག

བོད་མི་མང་སྤྱི་འཐུས་ཚེ་བརྟན་ནོར་བུ་ལགས་ནས་གོ་བསྒྲིགས་གནང་བའི་འོག་གཞུང་འབྲེལ་མ་ཡིན་པའི་བལ་ཡུལ་གྱི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་བདུན་ཕྲག་འདིའི་ནང་བཞུགས་སྒར་ཁུལ་འཚམས་འདྲི་གཟིགས་བསྐོར་ཕེབས་ཡོད་པ་དང་ཉིན་གྲངས་གསུམ་རིང་བཞུགས་རྒྱུན་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་གནང་ཡོད་པ་མ་ཟད་རིང་མིན་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམས་པ་ཁག་ཅིག་མཇལ་འཕྲད་ཞུ་རྒྱུ་ཡིན་འདུག དེ་དང་ཕྱོགས་མཚུངས་ཁོང་རྣམས་བོད་ཀྱི་དཔེ་མཛོད་ཁང་དང་བོད་ཕྲུག་ཁྱིམ་སྡེ།ནོར་གླིང་བོད་ཀྱི་རིག་གཞུང་སློབ་གཉེར་ཁང་སོགས་སུ་གཟིགས་བསྐོར་ཕེབས་གནང་རྒྱུ་ཡིན་པ་རེད།

གྲོས་ཚོགས་འཐུས་མིའི་ཁོངས་སུ་བལ་ཡུལ་གྱི་མ་རྡེ་ཤེ་དང་ཏེ་ར་ཡེ་མང་གཙོ་དང་མི་མང་ཚོགས་པའི་འཐུས་མི་དེ་བཞིན་ད་ལིཏ་མི་མང་གི་འཐུས་མི།ལུམ་བི་ནི་ཐེབས་རྩ་ཁང་གི་སྐུ་ཚབ།རྒྱལ་ཡོངས་མང་གཙོ་ཚོགས་པ་སོགས་ཀྱི་འཐུས་མི་བཅས་ཡོད་འདུག དེའི་ཁོངས་ནས་ད་ལིཏ་མི་མང་ཚོགས་པའི་འཐུས་མི་བིན་དར་པསེ་ལྦན་གྱིས་བོད་དང་བལ་ཡུལ་གཉིས་དབར་ཆོས་དང་རིག་གཞུང༌།རྒྱལ་རབས་བཅས་ཀྱི་འབྲེལ་བ་ནི་དེ་སྔ་ནས་ཡོད་པ་ཞིག་རེད་ལ་ད་རེས་ང་ཚོ་འདིར་འཚམས་གཟིགས་ཡོང་བ་འདི་བརྒྱུད་བོད་མི་བཙན་བྱོལ་བ་ཚོའི་གནས་སྟངས་དངོས་སུ་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཞེས་གསུངས་འདུག ཡང་ལུམ་བི་ནི་ཐེབས་རྩ་ཁང་གི་འགན་འཛིན་གོ་ཏམ་གྱིས་ང་ཚོའི་ཐེབས་རྩ་ཁང་ནས་བོད་མི་ཚོའི་མཉམ་འབྲེལ་བ་ཡག་པོ་ཡོད་པ་མ་ཟད་བོད་མིའི་བདེན་དོན་སེལ་ཐབས་སུ་རྒྱབ་སྐྱོར་ཞུ་གི་ཡོད།ལྷག་པར་དུ་ང་ཚོའི་ངོས་ནས་༸གོང་ས་ཏཱ་ལའི་བླ་ན་མཆོག་ལུམ་བི་ནིར་ཆིབས་བསྒྱུར་གནང་ཐུབ་ཐབས་སུ་དེ་སྔ་ནས་འབད་བརྩོན་ཞུ་བཞིན་པ་ལྟར་མུ་མཐུད་ནས་ཞབས་སོར་འཁོད་ཐུབ་པ་ཞུ་གི་ཡིན་འགྲེལ་བརྗོད་གནང་འདུག དེ་དང་ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་པསེ་ལྦན་གྱིས་སྔ་ལོ་བོད་མི་ལས་འགུལ་སྤེལ་མཁན་ཚོའི་ཐོག་བལ་ཡུལ་ངོས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོར་སེམས་འགུལ་མེད་པའི་རྣམ་པ་བསྟན་ཡོད་རེད། འོན་ཀྱང་ང་ཚོ་རང་ཡུལ་ལ་ཕྱིར་ལོག་པའི་རྗེས་སུ་གྲོས་ཚོགས་ནང་བོད་གཞུང་དོན་གཅོད་ཁང་སྐྱར་དུ་སྒོ་ཕྱེ་དགོས་པ།བོད་མི་སྐྱབས་བཅོལ་བ་ཚོར་ངོ་སྤྲོད་ལག་འཁྱེར་སྤྲོད་དགོས་རྒྱུ་སོགས་བོད་མིའི་དཀའ་ངལ་སེལ་ཐབས་སུ་གླེང་སློང་ཞུ་གི་ཡིན་ཞེས་གསུངས་ཡོད་པ་གང་ལྟར་ད་རེས་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་ཁུལ་ཕེབས་པ་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་ལྷག་པར་དུ་བོད་མིའི་གནས་སྟངས་དངོས་སུ་མཁྱེན་རྒྱུར་ཕན་ཐོགས་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎