ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Uzra Zeya ཡིས་བོད་ནང་འཛུགས་སྐྲུན་གྱི་ལས་གཞི་སྤེལ་སྐབས་བོད་མི་ཚོར་བསམ་ཚུལ་མ་དྲིས་པར་ལས་དོན་སྤེལ་བ་དེ་ནོར་འཁྲུལ་ཡིན་པའི་སྐྱོན་བརྗོད་གནང་འདུག

2024.08.26
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Uzra Zeya ཡིས་བོད་ནང་འཛུགས་སྐྲུན་གྱི་ལས་གཞི་སྤེལ་སྐབས་བོད་མི་ཚོར་བསམ་ཚུལ་མ་དྲིས་པར་ལས་དོན་སྤེལ་བ་དེ་ནོར་འཁྲུལ་ཡིན་པའི་སྐྱོན་བརྗོད་གནང་འདུག
Under Secretary Uzra Zeya/X

འཛམ་གླིང་ཆུའི་གཟའ་འཁོར་ཞེས་པའི་ལྷན་ཚོགས་དེ་བཞིན་ཕྱི་ཟླ་ ༨ ཚེས་ ༢༥ ནས་ ༢༩ བར་སུཝི་ཌེན་གྱི་རྒྱལ་ས་སིཊོཀ་ཧོལམི་ (Stockholm) དུ་ཚོགས་བཞིན་ཡོད་ཅིང་།  ལྷན་ཚོགས་དེའི་སྟེང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ཨཛ་ར་ཛེ་ཡ་ (Uzra Zeya) མཆོག གིས བོད་ཀྱི་ལྷོ་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་བརྒྱུད་ནས་འཛམ་གླིང་སྟེང་གི་འཁྱགས་རོམ་ཆུའི་གཏེར་མཛོད་ཆེ་ཤོས་དེ་ཧི་མཱ་ལ་ཡའི་རི་རྒྱུད་དུ་ཡོད་པ་དང།   དེ་ནི་རྒྱུན་དུ་སྣེ་གསུམ་པ་ཞེས་འབོད་པའི་ཧི་མཱ་ལ་ཡའི་རི་རྒྱུད་དུ་སྤྱི་ལེ་གྲུ་བཞི་མ ༡༠༠༠༠ ལྷག་ལ་འཁྱགས་རོམ་གྱིས་ཁེངས་ཡོད་པ་རེད།  འཁྱགས་རོམ་གྱིས་ཨེ་ཤེ་ཡའི་ལྷོ་ཕྱོགས་དང་། ལྷོ་ཤར་གྱི་ས་ཁུལ་ཡོངས་སུ་གཙང་ཆུ་རྒྱུགས་ཀྱི་ཡོད་པ་དེ་དག་གིས་འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆ ༢༣ ཟིན་པའི་མི་གྲངས་ཐེར་འབུམ་གཅིག་དུང་ཕྱུར་བརྒྱད་་ཙམ་ལ་འཐུང་ཆུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་ཏེ་བོད་མཐོ་སྒང་གི་ས་གཞིའི་གནད་འགག་སྐོར་གསུངས་ཡོད་ཅིང་།  ལྕམ་ཨཛ་ར་ཛེ་ཡ་མཆོག་གིས་གཏམ་བཤད་གནང་པའི་ནང་།  བོད་མཐོ་སྒང་དང་ཧི་མཱ་ལ་ཡའི་ཁུལ་དུ་སྐྱེ་ཁམས་མ་ལག་གཉན་འཕྲང་ཡིན་པའི་རྐྱེན་གྱིས་གནམ་གཤིས་འགྱུར་ལྡོག་གི་གནོད་འཚེ་ཕོག་སླ་བ་ཡོད། ཚ་དྲོད་འཕར་བའི་རྐྱེན་གྱིས་བོད་མཐོ་སྒང་གི་ཆུ་འཁྱགས་རོམ་དུ་གྱུར་པའི་གཏེར་མཛོད་འདི་ཉེན་ཁར་ལྷུང་བཞིན་ཡོད་པས། ང་ཚོས་འཁྱགས་རོམ་འདི་དག་སྲུང་སྐྱོབས་བྱེད་པར་ཚ་དྲོད་སལ་སི་གཅིག་དང་ཕྱེད་ཀ་ལས་ལྷག་ཕར་མི་འཇུག་པར་ཚད་གཞི་ཞིག་འཛིན་རྒྱུའི་ཐོག་དྲོད་ཁང་རླངས་རྫས་གློད་གཏོང་ཉུང་འཕྲི་བྱེད་པའི་ལས་དོན་འདི་མྱུར་དུ་བསྒྲུབ་དགོས་པའི་དྲན་སྐུལ་གཏོང་གི་ཡོད་ཅེས་གསུངས་འདུག
ཁོང་གིས་ད་དུང་།
 རྒྱ་ནག་གཞུང་གིས་བོད་མི་ས་ཡ་དྲུག་གི་བསམ་ཚུལ་དང་ལེན་མ་བྱས་པར་ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ས་ཁྱོན་ཡོངས་སུ་ཆུ་ལོག་བཟོ་སྐྲུན་གི་ཞི་རྒྱ་ཆེ་བའི་ལས་གཞི་ཤུགས་ཆེར་སྤེལ་ནས་སྲོལ་རྒྱུན་གྱི་བོད་མི་གནས་ཡུལ་ནས་གནས་སྤོ་བྱེད་དགོས་བྱུང་བ་དང་། ལས་གཞི་འདི་དག་གིས་ཆུ་བོའི་སྨད་རྒྱུད་ཀྱི་རྒྱལ་ཁབ་རྣམས་ཀྱི་ཆུའི་བདེ་འཇགས་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་ཡོད་ཅེས་སྐྱོན་བརྗོད་གནང་འདུག   འོན་ཀྱང་
གནམ་གཤིས་འགྱུར་ལྡོག་དང་། རྨང་གཞིའི་འཛུགས་སྐྲུན་གྱི་གནད་དོན་སོགས་ཀྱིས་གཙང་ཆུའི་འབྱུང་ཁུངས་གལ་ཆེན་འདི་ལ་མུ་མཐུད་ཉེན་ཁ་སྤྲོད་ཀྱིན་ཡོད་པ་དཔེར་ན།  ཁོང་གིས་འཛམ་གླིང་གི་ཆུའི་གཟའ་འཁོར་གྱི་ལྷན་ཚོགས་སྟེང་རྒྱ་ནག་གཞུང་གིས་བོད་མི་ས་ཡ་དྲུག་གི་བསམ་ཚུལ་དང་ལེན་མ་བྱས་པར་ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་སུ་ཆུ་གློག་བཟོ་སྐྲུན་གྱི་གཞི་རྒྱ་ཆེ་བའི་ལས་གཞི་ཤུགས་ཆེར་སྤེལ་ནས་སྲོལ་རྒྱུན་གྱི་བོད་མི་གནས་ཡུལ་ནས་གནས་སྤོ་བྱེད་དགོས་བྱུང་བ་དང་། ལས་གཞི་འདི་དག་གིས་ཆུ་བོའི་སྨད་རྒྱུད་ཀྱི་རྒྱལ་ཁབ་རྣམས་ཀྱི་ཆུའི་བདེ་འཇགས་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་ཡོད་ཅེས་སྐྱོན་བརྗོད་གནང་འདུག་ལ། འཛམ་གླིང་ཆུའི་བདེ་འཇགས་ཇེ་ཞན་དུ་འགྲོ་བཞིན་པའི་སྐབས་འདིར། ས་ཁུལ་འདིའི་མི་འབོར་མི་གྲངས་ཐེར་འབུམ་གཅིག་དུང་ཕྱུར་བརྒྱད་ཙམ་ལ་འཐུང་ཆུའི་མཐུན་རྐྱེན་ཉུང་དུ་ཕྱིན་པ་དེས་སྤྱིའི་འཛམ་གླིང་གི་ཁོར་ཡུག་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན་པ་གསུངས་འདུག

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། 
བཀྲ་ཤིས་དབང་ཕྱུག

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎