ཁམས་སྡེ་དགེ་དབོན་པོ་སྟོད་ཁུལ་གྱི་ཡུལ་མི་མང་པོ་རྒྱ་ནག་གིས་སྡེབ་བཟུང་བྱས་པར་ཨ་རི་གཞུང་ནས་ཐུགས་འཚབ་ཡོད་པ་གསལ་སྟོན་གནང་འདུག

2024.02.26
ཁམས་སྡེ་དགེ་དབོན་པོ་སྟོད་ཁུལ་གྱི་ཡུལ་མི་མང་པོ་རྒྱ་ནག་གིས་སྡེབ་བཟུང་བྱས་པར་ཨ་རི་གཞུང་ནས་ཐུགས་འཚབ་ཡོད་པ་གསལ་སྟོན་གནང་འདུག ཨ་རིའི་གཞུང་གི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ།
ཨ་རིའི་ཕྱི་སྲིད་ལས་ཁུངས།

ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་གི་དྲུང་གཞོན་དང་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་སྐུ་ Uzra Zeya ཡིས་སྤྱི་ཚོགས་བརྒྱུད་ལམ་ X ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆུ་རག་གསར་རྒྱག་གི་ལས་གཞིའི་འོག་གྲོང་སྡེ་གནས་སྤོས་དང་དགོན་པ་རྩ་མེད་བཟོ་གཞིའི་ཉེན་ཚབས་ལ་བོད་མི་རྣམས་ཀྱིས་ངོ་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་པའི་གནད་དོན་ཐད་ཐུགས་འཚབ་ཆེན་པོ་བྱུང་ལུགས་གསུངས་འདུག་ལ། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས་རྒྱུ་དང་གཙང་པོ་དང་ས་ཞིང་བདག་གཉེར་སྲིད་བྱུས་འཆར་འགོད་ལག་བསྟར་ནང་བོད་པ་ངེས་པར་དུ་བཅུགས་དགོས་ཀྱི་རེད་ཅེས་གསུངས་བཞག

དེ་བཞིན་ལྕམ་སྐུ་ Uzra Zeya ཡིས་མུ་མཐུད་གསུངས་དོན་ལ་། ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་དགོན་སྡེ་དེ་ཚོ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོའི་ཞུགས་གནས་ཡིན་པ་དང་དེ་ཚོའི་ནང་ཚབ་སྒྲིག་མི་ཐུབ་པའི་བོད་ནང་གི་རྩ་ཆེའི་རིག་གཞུང་གི་ཤུལ་བཞག་བདག་གཉེར་གནང་བཞིན་ཡོད་སྟབས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཆོས། སྐད་ཡིག་གི་ངོ་བོ་སྲུང་སྐྱོབས་བྱ་རྒྱུར་ཨ་མི་རི་ཀས་བོད་མི་ཚོར་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག 

གསར་འགོད་པ། བོན་རྒྱལ།     
རྩོམ་སྒྲིག་པ།  རིག་ལྡན་སྒྲོལ་མ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎