ཨ་རི་གཞུང་གིས་བོད་མི་ཚོར་ཨ་སྒོར་ས་ཡ་དྲུག་གནང་རྒྱུ་ཡིན་པ།


2015.12.21
བལ་ཡུལ་གྱི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོAlaina B. Teplitzཡིས་བོད་མི་སྐྱབས་བཅོལ་བར་གཟིགས་སྐོར་གནང་བཞིན་པ། ༢༠༡༥།༡༢ བལ་ཡུལ་གྱི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོAlaina B. Teplitzཡིས་བོད་མི་སྐྱབས་བཅོལ་བར་གཟིགས་སྐོར་གནང་བཞིན་པ། ༢༠༡༥།༡༢
མཐུན་འགྱུར་པར་རིས།

ཨ་མི་རི་ཀའི་གྲོས་ཚོགས་ནས་བོད་མི་ཚོའི་དཔལ་འབྱོར་སྲ་བརྟན་ཡོང་ཆེད་༢༠༡༦ལོར་ཨ་སྒོར་ས་ཡ་༦་གནང་རྒྱུའི་གཏན་འཁེལ་ཡོད་པ་རེད།
དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་གཞུང་བཀོད་དངུལ་འབབ་སྡེ་ཚན་ནས་རྒྱ་གར་དང་།  བལ་ཡུལ་ནང་དུ་ཡོད་པའི་བོད་མི་ཚོའི་དཔལ་འབྱོར་སྲ་བརྟན་ཡོང་ཆེད་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་། རིག་གཞུང་། འཛུགས་སྐྲུན་ཡར་རྒྱས། བོད་མི་གཞོན་སྐྱེས་ཚོའི་ཤེས་ཡོན་ཡར་རྒྱས་བཏང་སྟེ་མི་རབས་གསར་པ་ཚོས་སོ་སོའི་སྤྱི་ཚོགས་ནང་འགོ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་པ་སོགས་ཀྱི་ཐོག་དམིགས་གནང་སྟེ། ཕྱི་ལོ་༢༠༡༦་ལོའི་ནང་ཨ་སྒོར་ས་ཡ་དྲུག་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་རེད།  
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཐག་གཅོད་དེ་ནི་ན་ནིང་ཨ་རིའི་གྲོས་ཚོགས་ནས་བཙན་བྱོལ་བོད་མི་ཚོར་གནང་བའི་དཔལ་འབྱོར་རྒྱབ་སྐྱོར་གྱི་དངུལ་འབོར་ནས་ལྡབས་གཅིག་གིས་ཇེ་མང་ལ་ཕྱིན་ཡོད་པ་རེད།  
གནད་དོན་དེའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བཙན་བྱོལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་མི་རི་ཀའི་གཞུང་ནས་བོད་མི་ཚོ་ལ་དཔལ་འབྱོར་གྱི་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་འདུག
གོང་གསལ་ཨ་རིའི་གྲོས་ཚོགས་ནས་བོད་མི་ཚོའི་ཐོག་རྒྱབ་སྐྱོར་གནང་བའི་དངུལ་འབོར་ཨ་སྒོར་ས་ཡ་དྲུག་དེ་ནི་གྲོས་ཚོགས་ནས་ཕྱི་ལོ་༢༠༡༦་ལོའི་དཔལ་འབྱོར་འགྲོ་གྲོན་ཨ་སྒོར་ཕྲག་ཁྲི་ཆེན་མོ་གཅིག་དང་ཚེག་བརྒྱད་གཏན་འབེབས་གནང་བའི་ནང་གི་ཆ་ཤས་ཤིག་ཡིན་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎