རྒྱ་ནག་གི་མི་སེར་ཚོས་ཨ་རིའི་ཧྥི་ལོ་རེ་ཌ་མངའ་སྡེ་ནས་ས་ཁང་ཉོ་མི་ཆོག་པའི་ཁྲིམས་ཡིག་རང་སོར་གནས་འདུག

2023.08.18
རྒྱ་ནག་གི་མི་སེར་ཚོས་ཨ་རིའི་ཧྥི་ལོ་རེ་ཌ་མངའ་སྡེ་ནས་ས་ཁང་ཉོ་མི་ཆོག་པའི་ཁྲིམས་ཡིག་རང་སོར་གནས་འདུག (Florida)་མངའ་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་(Ron DeSantis)
AP

དེ་ཡང་རྒྱ་ནག་གི་མི་སེར་བཞི་དང་། ཁོང་ཚོའི་ཆེད་ཁྲིམས་ཁང་དུ་ཞུ་གཏུགས་གནང་མཁན་ཨ་མི་རི་ཀའི་ཞི་བའི་མི་སེར་རྣམས་ཀྱི་སྤྱི་དམངས་གི་རང་དབང་ཐོག་ཐོབ་ཐང་རྩོད་ལེན་གནང་མཁན་(American Civil Liberties Union)་ཞེས་པའི་ཚོགས་པས་མཉམ་དུ། ཨ་མི་རི་ཀའི་(Florida)་མངའ་སྡེའི་ཁྲིམས་ཡིག་ནང་རྒྱ་ནག་དང་རྒྱལ་ཁབ་གཞན་ཁག་ཅིག་གི་མི་སེར་རྣམས་ཀྱིས་མངའ་སྡེ་དེའི་ནང་ས་ཁང་ཉོ་མི་ཆོག་པའི་ཁྲིམས་ཡིག་དེ་དོར་དགོས་པའི་ཞུ་གཏུག་བྱས་ཡོད་ཀྱང་། མངའ་སྡེའི་ཁྲིམས་དཔོན་(Allen Winsor)་ཡིས་ངོས་ལེན་གནང་མེད་པ་རེད།
དེའི་ཐད་ཞུ་སྦྱོར་ཁྲིམས་རྩོད་པ་(Ashley Gorski)་ཡིས་གོང་ཞུས་ཁྲིམས་དཔོན་(Allen Winsor)་ཡི་ཐག་གཅོད་དེ་གོང་ཪིམ་ཁྲིམས་ཁང་ལ་ཞུ་གཏུག་གནང་རྒྱུ་ཡིན་པ་བརྗོད་འདུག
ཨ་མི་རི་ཀའི་(Florida)་མངའ་སྡེའི་ཁྲིམས་ཡིག་ནང་། རྒྱ་མི་རིགས་ཨ་མི་རི་ཀའི་མི་སེར་གྱི་ལག་འཁྱེར་དང་གཏན་སྡོད་ཆོག་པའི་ཡིག་ཆ་མེད་མཁན་དང་། རྒྱ་ནག་ནང་གནས་སྡོད་བྱེད་མཁན་ཚོར་མངའ་སྡེའི་ནང་ས་ཁང་ཉོ་ཚོང་མ་ཆོག་པའི་ཁྲིམས་ཡིག་གཏན་འཁེལ་གནང་ཡོད་པ་རེད་འདུག གཞན་(Cuba)་དང་། (Venezuela) (Syria) ར་ཤེ་ཡ་(Russia) བྱང་ཀོ་རི་ཡ་བཅས་པའི་རྒྱལ་ཁབ་ཁག་གི་མི་སེར་རྣམས་ཀྱིས་ཀྱང་མངའ་སྡེ་དེའི་ནང་ས་ཁང་ཉོ་མི་ཆོག་པའི་ཁྲིམས་ཡིག་གཏན་འཁེལ་གནང་ཡོད་པ་རེད་འདུག (Florida)་མངའ་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་(Ron DeSantis)་ཡིས་ཁ་སྔོན་ཕྱི་ཟླ་ལྔ་པའི་ནང་། གོང་ཞུས་ཁྲིམས་ཡིག་དེར་མཚན་རྟགས་བཀོད་གནང་སྐབས་ཁྲིམས་ཡིག་དེས་ཨ་མི་རི་ཀའི་མི་སེར་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་ཤུགས་རྐྱེན་ནས་སྐྱོབ་རྒྱུར་ཕན་ཐོག་ཡོང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད་འདུག ཡིན་ནའང་གོང་ཞུས་ཨ་མི་རི་ཀའི་སྤྱི་དམངས་ཀྱི་རང་དབང་ཐོག་འཐབ་རྩོད་གནང་མཁན་(American Civil Liberties Union)་ཞེས་པའི་ཚོགས་པ་དེས་(Florida)་མངའ་སྡེའི་ཁྲིམས་ཡིག་དེ་ཨ་མི་རི་ཀའི་རྩ་ཁྲིམས་དང་འགལ་བ་མ་ཟད། མི་རིགས་དང་རྒྱལ་ཁབ་དབྱེ་འབྱེད་བྱས་བ་ཡིན་པ་བརྗོད་ཡོད་པ་རེད་འདུག


གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎