ཨ་རིའི་སྲིད་འཛིན་སྐུ་གཞོན་ལྕམ་KAMALA HARRIS མཆོག་VIETNAM དང་SINGAPORE གཉིས་སུ་རྒྱལ་དོན་མཚམས་གཟིགས་ཐེངས་དང་པོ་ཕེབས་གཏན་འཁེལ་བ།

2021.07.31
ཨ་རིའི་སྲིད་འཛིན་སྐུ་གཞོན་ལྕམ་KAMALA HARRIS མཆོག་VIETNAM དང་SINGAPORE གཉིས་སུ་རྒྱལ་དོན་མཚམས་གཟིགས་ཐེངས་དང་པོ་ཕེབས་གཏན་འཁེལ་བ། ཨ་རིའི་སྲིད་འཛིན་སྐུ་གཞོན་ལྕམ་KAMALA HARRIS མཆོག
ཨེ་པི་ཨཡི།

KAMALA HARRIS མཆོག་ནས་ཤར་ཨེ་ཤི་ཡ་ཁུལ་དུ་གཞུང་དོན་མཚམས་གཟིགས་ཕེབས་རྒྱུ་དེ་ནི་ མངའ་ཁུལ་དེའི་ནང་ཨ་རིའི་བེུད་སྲིད་འཛིན་སྐུ་གཞོན་ཞིག་གི་མཚམས་གཟིགས་ཐོག་མ་དེ་ཆགས་ཀྱི་ཡོད་འདུག་ལ་ཁོང་གིས་ད་རེས་ཀྱི་མཚམས་གཟིགས་འདིའི་སྐབས་ VIETNAM དང་SINGAPORE གྱི་དབུ་ཁྲིད་ལྷན་དུ་མངའ་ཁུལ་གྱི་བདེ་འཇགས་དང་ COVID 19 གཏོགས་དབྱིབས་གཉན་རིམས་ལ་རྒྱལ་སྤྱིའི་གདོང་ལེན་སྤྲོད་སྟངས་ཀྱི་གནས་བབས་དང་། གོ་ལའི་ཚ་དྲོད་རྒྱས་པའི་གནད་དོན་བཅས་དང་། ལྷག་པར་དུ་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་ཇུས་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་གི་ལམ་ནས་མཐོུང་གི་གདོང་ལེན་སྤྲོད་ཐབས་བཅས་གནད་དོན་དུ་མའི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པའི་སྐོར་ ཁོང་གི་མགྲིན་ཚབ་པ་SYMONE SANDERS ལགས་ཀྱིས་གསུངས་གནང་འདུག ཨ་རིའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་ སྲིད་འཛིན་BIDEN དང་སྲིད་འཛིན་སྐུ་གཞོན་HARRIS རྣམས་གཉིས་ཀྱི་ཕྱི་འབྲེལ་སྲིད་ཇུས་ནང་། གནད་དོན་གལ་ཆེ་ཞིག་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོབ་ཀྱི་དོན་དུ་རྒྱལ་སྤྱིའི་ཐོག་མཐུན་ཕྱོགས་ཡུལ་གྲུ་ཁག་དང་སྔར་རྒྱུན་བཞིན་འབྲེལ་བ་བསྐྱར་འཛུགས་གནང་རྒྱུ་དེ་ཡིན་ཞིང་། ད་རེས་སྲིད་འཛིན་སྐུ་གཞོན་HARRIS མཆོག་གི་གཞུང་དོན་མཚམས་གཟིགས་གནང་རྒྱུ་དེ་ཡང་སྲིད་ཇུས་དེའི་ལམ་ཕྱོགས་སུ་ཤར་བསྐྱོད་གནང་གི་ཡོད་པའི་སྐོར་གསལ་འདོན་གནང་བཞག གནས་ཚུལ་ནང་གསལ་བར་ VIETNAM དེ་བཞིན་ཤར་ཨེ་ཤེ་ཡའི་ཁུལ་དུ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་གཙོ་བོ་ཞིག་ཏུ་གྱུར་བཞིན་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུའང་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་ཇུས་ལ་གདོང་ལེན་ཁ་གཏད་གཅོག་མཁན་གཙོ་བོ་ཞིག་ཀྱང་ཡིན་པ་རེད། ལྩམ་KAMALA HARRIS མཆོག་VIETNAM དང་SINGAPORE གཉིས་སུ་གཞུང་དོན་ཕྱོགས་ཕེབས་གནང་རྒྱུ་གཏན་འཁེལ་ཡིན་རུང་མཚམས་གཟིགས་ཀྱི་དུས་ཚེས་ཁ་གསལ་གསལ་བསྒྲགས་གནང་མེད་པ་བཅས་གནས་ཚུལ་ནང་གསལ་འདུག།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎