ཨ་རིས་གླིང་ཕྲན་གཞན་ལ་རྙོབ་པའི་མེ་ཤུཊ་འཕུར་མདེལ་ཚོད་ལྟ།
2016.02.26

ཨ་མི་རི་ཀས་གླིང་ཕྲན་གཞན་ལ་རྙོབ་ཐུབ་པའི་མེ་ཤུགས་འཕུར་མདེལ་རིགས་ལ་ཚོད་ལྟ་ཐེངས་གཉིས་པ་དེ་བྱས་ཡོད་པ་རེད།
དེ་ཡང་ཉེ་བའི་ཆར་ར་ཤི་ཡ་དང་བྱང་ཀོ་རི་ཡས་མངའ་ཁུལ་ནང་རྡུལ་ཕྲན་གོ་མཚོན་གྱི་འགྲན་རྕོད་ཡོང་བཞིན་པར་བརྟེན་ནས། ད་རེས་གཟའ་ཕུར་བུའི་དགོང་མོར་ཨ་རིའི་ཀ་ལེ་ཕོར་ནི་ཡ་མངའ་སྡེའི་ནང་རྟེན་གཞི་བྱེད་པའི་ཨ་རིའི་དམག་དོན་ལྟེ་གནས་ནས། གླིང་ཆེན་ནས་གླིང་ཆེན་དུ་རྙོབ་ཐུབ་པའི་མེ་ཤུགས་འཕུར་མདེལ་ལ་ཚོད་ལྟ་བྱས་ནས་འཆར་འགོད་བཞིན་མེ་ཤུགས་འཕུར་མདེལ་དེ་དུས་ཡུན་ཚོུད་ཕྱེད་ཀ་ཕུར་བསྐྱོད་བྱས་ནས་དུས་བཀག་ལྟར་ལྷོ་ཞི་བདེ་རྒྱ་མཚོའི་Marshallགླིང་ཕྲན་དུ་བབས་ཡོད་པ་རེད།
ཨ་རིའི་སྲུང་སྐྱོབས་བློན་ཆེན་ཕྱག་རོགས་Robert Workཡིས། ཨ་རིའི་དམག་དཔུང་གིས་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོ་ནས་ད་བར་མེ་ཤུགས་ཕུར་མདེལ་རིགས་ལ་ཚོད་ལྟ་ཐེངས་བཅོ་ལྔ་བྱས་ཡོད་པ་དང་། ང་ཚོས་འཕུར་མདེལ་ལ་ཚོད་ལྟ་བྱ་དགོས་དོན་ནི་ཨ་རི་གཞུང་གིས་རྒྱ་ནག་དང་། ར་ཤི་ཡ། བྱང་ཀོ་རི་ཡ་ལྟ་བུའི་རྡུལ་ཕྲན་གྱི་གོ་མཚོན་མངའ་ཁུལ་ནང་འགྲན་རྩོད་བྱེད་མཁན་ཚོར་ཨ་རིར་ནུས་པ་ལྡན་པའི་རྡུལ་ཕྲན་གོ་མཛོད་ཡོད་པ་གསལ་སྟོན་བྱས་པ་ཞིག་ཡིན་པ་གསུངས་འདུག
ཨ་རིའི་སྲུང་སྐྱོབས་ལས་ཁང་གིས་ཨ་སྒོར་ཡ་ས་མང་པོའི་འགྲོ་གྲོན་བཏང་ནས་དམག་མིའི་གནས་སྟངས་བཟང་དུ་གཏོང་གི་ཡོད་པ་མ་ཟད། རྡུལ་ཕྲན་གྱི་མ་ལག་མུ་མཐུད་གནས་ཐབས་བྱེད་ཀྱི་ཡོད་པ་རེད།
ཨ་རིའི་སྲུང་སྐྱོབས་བློན་ཆེན་ཕྱག་རོགས་Workཡིས། ཨ་རིའི་སྲུང་སྐྱོབས་ལས་ཁང་ལ་སྔོན་རྩིས་མ་དངུལ་མི་འདེངས་བའི་དཀའ་ངལ་ཡོད་པ་ཁས་ལེན་གནང་ཡོད་ཅིང་། ཨ་རིའི་སྲུང་སྐྱོབ་ལས་ཁང་དུ་༢༠༢༡་ནས་༢༠༣༢བར་ལོ་རེར་ཨ་སྒོར་ཐེར་འབུམ་བཅོ་བརྒྱད་ཀྱི་སྔོན་རྩིས་མ་དངུལ་དགོས་མཁོ་ཡོད་པ་གསུང་འདུག
ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་མཐའ་མའི་སྔོན་རྩིས་བཀའ་ཁྲོལ་ཨ་སྒོར་ཐེར་འབུམ་གཅིག་དང་གྲངས་ཆུང་བརྒྱད་ཡིན་པ་རེད།
གསར་འགོད་པ་འཆི་མེད།