བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་བ་ཝུ་ཡིན་ཅེ་ལ་ཨ་རིའི་གཞུང་གིས་ཁྲིམས་ཆད་བཀེལ་ཡོད་པ།

2022.12.09
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་བ་ཝུ་ཡིན་ཅེ་ལ་ཨ་རིའི་གཞུང་གིས་ཁྲིམས་ཆད་བཀེལ་ཡོད་པ།
གྷེ་ཊི།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་བའི་གནད་དོན་ཐོག་ནས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མཐོ་གྲས་ཏེ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་བ་ཝུ་ཡིན་ཅེ་དང་། ཉེན་རྟོག་སྐོར་སྲུང་སྤྱི་ཁྱབ་པ་ཟུར་བ་ཀྲང་ཧོང་སྦོ་གཉིས་ལ་ཨ་མི་རི་ཀའི་གཞུང་གི་ནོར་སྲིད་ལྷན་ཁང་གིས་ཁྲིམས་ཆད་བཀེལ་ཞིང་། ཁོང་གཉིས་ཀྱི་ཨ་རིའི་ནང་ཡོད་པའི་རྒྱུ་དངོས་དང་། ནག་ཉེས་ངོ་བོའི་ཐོག་ནས་དངུལ་དངོས་སྤྲོད་ལེན་བྱས་ཡོད་པ་ཡོངས་རྫོགས་བཀག་བསྡོམས་བྱ་རྒྱུ་ཡིན་པ་ཕྱི་ཟླ་ ༡༢ ཚེས་ ༩ ཉིན་བསྒྲགས་ཡོད་པ་རེད།
ཝུ་ཡིན་ཅེ་ནི་ ༢༠༡༦ ནས་ ༢༠༢༡ བར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེའི་འགན་འཁུར་ལེན་པ་དང་། ཀྲང་ཧོང་སྦོས་ ༢༠༡༨ ནས་ཉེན་རྟོག་སྐོར་སྲུང་སྤྱི་ཁྱབ་པས་འགན་འཁུར་བླངས་ཡོད་ཅིང་། ཝུ་ཡིན་ཅེས་བརྟན་ལྷིང་ཟེར་བའི་སྲིད་བྱུས་འོག་ནས་ཁྲིམས་ལུགས་ལས་བརྒལ་ནས་དམར་བསད་བཏང་པ། སྡུག་སྦྱོང་བཏང་པ། གང་བྱུང་འཛིན་བཟུང་བྱས་པ། མི་མང་འབོར་ཆེན་འཛིན་བཟུང་བཀག་ཉར་བྱས་པ་བཅས་ཀྱི་ཉེས་པ་བསག་ཡོད་པ་ཨ་རིའི་ནོར་སྲིད་ལྷན་ཁང་གིས་གསལ་བསྒྲགས་ནང་གསལ་ཡོད་པ་མ་ཟད། བཙན་དབང་ཐོག་ནས་བེུད་ཀྱི་སྐྱེས་སྒོ་བཀག་པ་དང་། མངལ་ནས་ཕྲུ་གུ་བཏོན་པ། ཆོས་ཕྱོགས་དང་ཆབ་སྲིད་ཀྱི་རང་དབང་ལ་དམ་དྲག་བྱས་པ། བཙོན་པར་མནར་གཅོད་བཏང་བ་བཅས་རྒྱུ་མཚན་དུ་དྲངས་ནས་ཨ་རིའི་ནོར་སྲིད་ལྷན་ཁང་གིས་ཁོང་གཉིས་ཀྱི་ཨ་རིའི་ནང་ཡོད་པའི་རྒྱུ་དངོས་དང་། ནག་ཉེས་ངོ་བོའི་ཐོག་ནས་དངུལ་དངོས་སྤྲོད་ལེན་བྱས་ཡོད་པ་ཡོངས་རྫོགས་བཀག་བསྡོམས་བྱས་འདུག
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎